e-texts navigator
Collection
Volume
Page
Wylie

23b1 འདི་ལྟ་སྟེ། ནམ་མཁའ་ལྡིང་གི་འཁོར་བཞི་ཁྲི་དགུ་སྟོང་ཡང་དེར་འདུས་པར་འགྱུར་ཏེ། ནམ་མཁའ་ལྡིང་གི་རྒྱལ་པོ་སྤོས་ཀྱི་གླང་པོ་ཆེ་བྱིན་གྱི་མཐུ་དང་ལྡན་པས་གཙོ་བོར་གྱུར་པ་དང་། གཞན་ཡང་འདི་ལྟ་སྟེ།
23b2 དྲི་ཟའི་འཁོར་དང་། ལྷ་མ་ཡིན་གྱི་འཁོར་དང་། མི་འམ་ཅིའི་འཁོར་དང་། གྲུལ་བུམ་དང་། ལྟོ་འཕྱེ་ཆེན་པོའི་འཁོར་དང་། རི་དང་། ནགས་ཆལ་དང་། ཆུ་བོ་དང་། རྒྱ་མཚོ་རྣམས་ཀྱི་ལྷ་དང་། དྲང་སྲོང་དང་ཡུལ་ཁམས་ཆེན་པོ་ཐམ
23b3 ཅད་ཀྱི་རྒྱལ་པོ་དང་། ཕོ་བྲོད་འཁོར་དང་། བཙུན་མོ་དང་། སྒྲས་དང་། དད་པ་རྣམ་པར་བསྐྱེད་པའི་བུ་ཕོ་དང་། བུ་མོ་དང་། ལྷ་དང་མི་ལ་སོགས་པ་ཡོངས་སུ་འདུས་ཤིང་ལྷགས་ནས་ཐམས་ཅད་ཀྱང་བླ་ན་མེད་པ་ཐེག་པ་ཆེན་པོའི་ཆོས་འདི་ཡོངསུ
23b4 ཀློག་པ་དང་། འདོན་པ་དང་། འཆང་བ་དང་། འཛིན་པ་དང་། ཡི་གེར་འབྲི་བ་དང་། ཀུན་དུ་སྤེལ་ཞིང་སྐྱེད་པ་དང་། ཡོངས་སུ་འཚོ་བ་དང་། སྐྱོང་པའི་དམ་ཚིག་བཅས་ཏེ། ཕྱི་དྲོའི་དུས་ན་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ཏེ་བཅོམ་ལྡན
23b5 འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས་གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། དེ་ལྟར་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་མི་དང་ཀླུ་དང་གནོད་སྦྱིན་ལ་སོག
23b6 པ་ཐམས་ཅད་འདུས་པར་གྱུར་ནས་སོ་སོ་ནས་སྟི་སྟང་དང་། རིམ་གྲོའི་སེམས་བསྐྱེད་དེ། ཐལ་མོ་སྦྱར་ནས་རབ་ཏུ་འཛུམ་པའི་མིག་གིས་བཅོམ་ལྡན་འདས་ལ་ལྟ་ཞིང་ཅུང་ཟད་ཀྱང་མི་ཡེངས་པར་དམ་པའི་ཚེས་ཤིན་དུ་ཐོས་པར
23b7 སྨོན་ཏོ། ། དེ་ནས་བཅོམ་ལྡན་འདས་ཕྱི་དྲོའི་དུས་ཀྱི་ཚེ་ཏིང་ངེ་འཛིན་ལས་བཞེངས་ནས་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ཏེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། འཕགས་པ་གསེར་འོད་དམ་པའི་ཆོས།། མདོ་སྡེ་ཀུན
23b8 གྱི་རྒྱལ་པོ་འདི། ། སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ཏེ།། ཤིན་ཏུ་མཉན་ཅིང་ཐོས་པར་དཀའ།། ངས་དང་དཀྱིལ་འཁོར་ཁྱེད་རྣམས་ལ།། དམ་པའི་མདོ་སྡེ་འདི་བསྟན་པས།། ཕྱོགས་བཞི་སངས་རྒྱས་རྣམས་ཀྱིས་ཀྱང་བྱིན་གྱིས།




iiif viewer powered by OpenSeadragon

23a - 24a

Texts on this page

Q174 - 'phags pa gser 'od dam pa mchog tu rnam par rgyal ba'i mdo sde'i rgyal po theg pa chen po'i mdo