e-texts navigator
Collection
Volume
Page
Wylie

23a1 ཀླུའི་རྒྱལ་པོ་ཉི་ཁྲི་བརྒྱད་སྟོང་ཡང་དེར་འདུས་པར་གྱུར་ཏེ། དེ་དག་གི་མིང་ལ་པད་མོ་ཀླུའི་རྒྱལ་པོ་དང་། ཨེ་ལའི་ལོས་ཀླུའི་རྒྱལ་པོ་དང་། སྟོབས་པོ་ཆེ་ཀླུའི་རྒྱལ་པོ་དང་། པྲ་བོ་རོ་ཀླུའི་རྒྱལ་པོ་དང་། རྦ་རླུ
23a2 ཆུང་ངུའི་ཀླུའི་རྒྱལ་པོ་དང་། ཆུའི་རྒྱུན་འཛིན་ཀླུའི་རྒྱལ་པོ་དང་། གསེར་གྱི་བཞིན་ཀླུའི་རྒྱལ་པོ་དང་། ཡིད་བཞིན་ཀླུའི་རྒྱལ་པོ་དང་། དེ་དག་ཐམས་ཅད་ཀྱང་ཀླུའི་རྒྱལ་པོའི་གཙོ་བོར་གྱུར་པ།། ཐེག་པ་ཆེན་པོའི་ཆོས་ཡོངས་སུ
23a3 སྦྱོར་བར་ཡོངས་སུ་དགའ་བ་དང་། ཡོངས་སུ་འཛིན་པ་དང་། ལུང་ནོད་པ་དང་། ཤིན་དུ་ཟབ་མོའི་བསམ་པ་ལ་མོས་པ་དང་། རྗེ་སུ་ཡི་རང་བ་དང་། རྣམ་པར་སྐྱོང་ཞིང་འཚེ་བར་བྱེད་དེ། བྱི་དྲོའི་དུས་ན་བཅོམ་ལྡན་འདས
23a4 གང་ན་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས་གཡས་ཕྱོགས་ནས་ལན་གསུམ་དུ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་འདི་ལྟ་སྟེ། གནོད་སྦྱིན་གྱི
23a5 འཁོར་སུམ་ཁྲི་དྲུག་སྟོང་ཡང་དེར་འདུས་པར་གྱུར་ཏོ། ། དེ་དག་གིས་གཙོ་བོ་ཐོག་མར་ལྷའི་རྒྱལ་པོ་མིག་མི་བཟང་གིས་དྲངས་ནས་ཨ་མྲའི་གནོད་སྦྱིན་དང་ཨ་མྲ་ཐོགས་པའི་གནོད་སྦྱིན་དང་། པད་མོ་འོད་ཀྱི་སྙིང་པོའི
23a6 གནོད་སྦྱིན་དང་། པད་མོའི་བཞིན་གནོད་སྦྱིན་དང་། ཁྲོ་གཉེར་གནོད་སྦྱིན་དང་། འཇིགས་པ་མངོན་དུ་སྟོན་པའི་གནོད་སྦྱིན་དང་། ས་ཀུན་གཡོ་བའི་གནོད་སྦྱིན་དང་། ཟས་ཀྱི་རིལ་མིང་གནོད་སྦྱིན་དང་། དེ་དག་ཐམས
23a7 ཅད་ཀྱང་གནོད་སྦྱིན་གྱི་གཙོ་བོར་གྱུར་པ་ཤ་སྟག་སྟེ། དེ་བཞིན་གཤེགས་པའི་དམ་པའི་ཆོས་ལ་ཤིན་ཏུ་དང་བའི་སེམས་བསྐྱེད་པ། དམ་པའི་ཆོས་ཡོངས་སུ་སྐྱོང་ཞིང་བསྲུང་བའི་སེམས་སྐྱེད་པ་ལ་མེ་སྐྱོབ། ཕྱི་དྲོལ
23a8 དུས་ན་བཅོམ་ལྡན་འདས་གདན་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ཏེ་གཡས་ཕྱོགས་ནས་ལན་གསུམ་དུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང




iiif viewer powered by OpenSeadragon

22b - 23b

Texts on this page

Q174 - 'phags pa gser 'od dam pa mchog tu rnam par rgyal ba'i mdo sde'i rgyal po theg pa chen po'i mdo