| | e-texts navigator
|
22b1 འདུས་སྟེ། ཡང་ན་བྱེགནོན་ནུ་འབྲམ་ཕྲག་འབྲས་བརྒྱད་སྟོང་ཡང་དེར་འདུས་པར་གྱུར་ཏེ། དེ་དག་གི་མིང་ལ་གཞོན་ནུསེང་གེའི་འོད་དང་། གཞོན་ནུ་སེང་གེའི་བྲི་གྲོས་དང་། གཞོན་ནུ་ནས་བྱིན་དང་། གཞོན་ནུ་དབང་པོ་སྦྱིན་དང་།
22b2 གཞོན་འོད་ཆེན་དང་། གཞོན་ནུ་དཔལ་ཆེན་དང་། གཞོན་ནུ་སངས་རྒྱས་བསྐྱབས་དང་། གཞོན་ནུ་ཆོས་སྐྱབས་དང་། གཞོན་ནུ་དགེ་འདུན་སྐྱབས་དང་། གཞོན་ནུ་རྡོ་རྗེས་སྐྱབས་དང་། གཞོན་ནུ་ནམ་མཁའ་བསྐྱབས་དང།
22b3 གཞོན་ནུ་ནམ་མཁའ་སྒྲ་དང་། གཞོན་ནུ་རིན་པོ་ཆེའི་སྙིང་པོ་དང་། གཞོན་ནུ་བཀྲ་ཤིས་མཆོག་གི་སྙིང་པོ་དང་། དེ་དག་གཞོན་ནུ་ཐམས་ཅད་ཀྱི་གཙོ་བོར་གྱུར་ནས། བླ་ན་མོད་པའི་བྱང་ཆུབ་ཏུ་གནས་ཏེ་ཐེག་པ་ཆེན་པོའི་དད་པ་སོ
22b4 སོར་རྙེད་ནས། ཕྱི་དྲོའི་དུས་ན་བཅོམ་ལྡན་འདས་གང་ན་པ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས་གཡས་ཕྱོགས་སུ་ལན་གསུམ་དུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།།
22b5 གཞན་ཡང་འདི་ལྟ་སྟེ། ལྷའི་སྲས་པོ་བཞི་ཁྲི་ཉིས་སྟོང་ཡང་དེར་འདུས་པར་གྱུར་ཏེ། དེ་དག་གི་མིང་ལ་འདི་ལྟ་སྟེ། ལྷའི་སྲས་པོ་མཐོང་ན་དགའ་བ་དང་། ལྷའི་སྲས་པོ་ཡིད་དགའ་བ་དང་། ལྷའི་སྲས་པོ་ཉི་མའི་འོད་དང་།
22b6 ལྷའི་སྲས་པོ་ཟླ་བའི་གཙུག་ཏོར་དང་། ལྷའི་སྲས་པོ་ནམ་མཁའི་བློ་གྲོས་རྣམ་པར་དག་པ་དང་། ལྷའི་སྲས་པོ་ཉོན་མོངས་པ་ཡོངས་སུ་སྤངས་པ་དང་། ལྷའི་སྲས་པོ་རྣམ་པར་བཀྲ་ཤིས་དང་། དེ་དག་ཐམས་ཅད་ཀྱང་ལྷའི
22b7 སྲས་པོ་རྣམས་ཀྱི་གཙོ་བོར་གྱུར་པ། ཐེག་པ་ཆེན་པོའི་ཆོས་ཡོངས་སུ་སྐྱོང་བའི་ཡི་དམ་ཆེན་པོའི་སྨོན་ལམ་འདེབས་པ། དམ་པའི་ཆོས་ཡོངས་སུ་མི་ནུབ་པར་གདུང་འཚོ་བ་པ་དེ་དག་ཐམས་ཅད་ཕྱི་དྲོའི་དུས་ན་བཅོམ
22b8 ལྡན་འདས་གད་ན་བདེར་ལྷགས་ནས་བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས་གཡས་ཕྱོགས་སུ་ལན་གསུམ་དུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། ། གཞན་ཡང་འདི་ལྟ་སྟེ།
iiif viewer powered by OpenSeadragon
22a - 23a