e-texts navigator
Collection
Volume
Page
Wylie

20a1 བག་མ་དང་ཐམ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངས་པ་རང་།
20a2 བསྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། མདོར་ན་སྟོང་པ་ཉིད་འདྲི་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱའོ།། སྐར་མ་རབ་རིབ་མད་མེ་དང་། སྣ་མ་ཐིལ་བཆུ་བུར་དང་། རྨིལ་པ
20a3 གློག་དང་སྤྲིན་ལྟ་བུར། འདུས་བྱས་དེ་ལྟར་བལྟ་བར་བྱ། ན་མོ་བྷ་ག་བ་ཏྱཻ་ཨཱརྱཱ་པྲཛྙཱ་བཱ་ར་མི་ཏ་ཡེ། ཨོཾ་དྷིཿཧྲཱིཿཤྲཱི་ཤྲུ་ཏི་སྨི་ཏི་མ་ཏིག་ཏི་བིཛ་ཡེ་སྭཱ་ཧཱ། འགག་པ་མེད་ཅིང་སྐྱེ་མེད་ལ།། ཆད་པ་མེད་ཅིང་རྟག་པ་མེད།། ཐ་ད་དོན།
20a4 མནདོན་གཅིག་མིན།། འོང་བ་མེད་ཅིང་འགྲོ་མེད་ལ།། སྤྲོས་པ་ཞིབས་ཞི་བ་ཡི།། རྟེན་ཅིང་འབྲེལ་པར་འབྱུང་སྟོན་པ།། རྫོགས་པའི་སངས་རྒྱས་གང་ཡིན་པ།། སྒྲ་མཆོག་དེ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས
20a5 ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་ར་དྭ་ཏིའི་བུ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག
20a6 རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཀཽ་ཤི་ཀ་ཞེས་བྱ་བ་རྫོགས་སྷོ།། །། རྒྱ་ཡི་སྐད་དུ། ཏའི་ཚིང་གི་ན་གྲོང
20a7 མིང་ཛྲའི་ཤིང་ཝང་གྱིང་། བོད་སྐད་དུ། འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ།། ། བམ་པོ་དང་པོ།། སངས་རྒྱས་དང་བྱང་ཆུབ་སེམས
20a8 དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཟབ་མོ་སངས་རྒྱས




iiif viewer powered by OpenSeadragon

19b - 20b

Texts on this page

Q173 - 'phags pa shes rab kyi pha rol tu phyin pa kau shi ka zhes bya ba
Q174 - 'phags pa gser 'od dam pa mchog tu rnam par rgyal ba'i mdo sde'i rgyal po theg pa chen po'i mdo