e-texts navigator
Collection
Volume
Page
Wylie

18b1 སེང་གེ་ཡང་དག་རྫོགས་པ་ཡི། སངས་རྒྱས་སྐྱོབ་པས་སྐད་ཅིག་ཡུད་གང་ལ།། སངས་རྒྱས་ཐམས་ཅད་ཀྱ་ནི་སྙིང་པོ་ཡི།། གཟུངས་འདི་དག་ནི་རབ་ཏུ་བཤད་པ་ཡི།། སྐད་ཅིག་ཡུད་དེརས་ཡང་རྣམ་དྲུག་གཡོས།། རྒྱ་མཚ
18b2 འཁྲུགས་ཤིང་བདུད་ཀྱི་གནས་ཀུན་ཀྱང་། ། རབ་ཏུ་གཡོས་ནས་བདུད་ཀྱི་རིས་རྣམས་ཀྱི།། ལྷ་དག་རབ་ཏུ་སྤངས་ཤིང་འཁྲུགས་པར་འགྱུར།། བདུད་ཡིད་མི་བདེར་སྡུག་བསྔལ་མྱ་ངན་ནོན།། དེ་ཚེ་ལྷ་རྣམས་ངོ་མཚར་རབ་ཟོས་ནས།།
18b3 འཇིག་རྟེན་མགོན་ལ་མཆོད་པ་བྱ་བའི་ཕྱིར།། ནམ་མཁར་གནས་ནས་མེ་ཏོག་མན་དྷ་འཐོར།། གང་དག་སངས་རྒྱས་མངོན་དང་གཞན་རྣམས་ཀྱི།། སེ་མདོདོང་དོ་ཤལ་སྤོས་རྣམས་དང་།། ཕྱེ་མ་དག་དངབྱུག་པ་གོས་རྣམས་དང་།།
18b4 རྒྱན་དང་དཔུང་བརྒྱན་དག་ཀྱང་རབ་ཏུ་འབུལ།། བརྒྱད་པོ་འདི་དག་ནི་དེའི་ཡོན་ཏན་གྱི་ཕན་ཡོན་གྱི་བརྒྱན་དུ་འགྱུར་བའོ།། བརྒྱད་གང་ཞེ་ན་འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱན་དང་།། ཐོས་པ་ཐམས་ཅད་ཡོངས་སུ་ཚོལ
18b5 བས་མི་ངོམས་པའི་རྒྱན་དང་། ཆོས་ཟབ་མོ་རྣམ་པར་ངེས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱན་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པའི་རྒྱན་དང་། ཇི་ལྟར་ཐོས་པ་དང་ཇི་ལྟར་ཁོང་དུ་ཆུད་པའི
18b6 ཆོས་རྣམས་ལ་ཚུལ་བཞིན་སོ་སོར་རྟོག་ཅིང་དཔྱོད་པའི་རྒྱན་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཆོས་ཐམས་ཅད་མི་དམིགས་པའི་རྒྱན་དང་། རྒྱན་དེ་ཡང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ཐབས
18b7 ལ་མཁས་པའི་རྒྱན་དང་། ། གཟུངས་ཐོབ་པའི་རྒྱན་ཏེ། བརྒྱད་པོ་དེ་དག་ནི་དེའི་ཡོན་ཏན་གྱི་ཕན་ཡོན་གྱི་རྒྱན་དུ་འགྱུར་རོ།། གཟུངས་འདི་རྟག་པར་རྒྱན་དུ་ཡིད་ལ་བྱའོ།། སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ།། གཟུངས
18b8 ཀྱི་གཞི་འདི་རྣམས་ཡིད་ལ་བྱས་ན་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར་རོ། ། པད་མ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་བོ།། ནད་ཐམས་ཅད་དང་། ན་བ་ཐམས་ཅད་ལ་ལག་པས་བྱབ་པར




iiif viewer powered by OpenSeadragon

18a - 19a

Texts on this page

Q149 - 'phags pa sangs rgyas kyi snying po zhes bya ba'i gzungs kyi chos kyi rnam grangs