e-texts navigator
Collection
Volume
Page
Wylie

18a1 མ་ནི། ཤན་ཏེ། ཨུ་བ་ཤན་ཏེ། པྲ་ཤན་ཏེ། ཨ་བབྷཱ་སེ། སརྦ་པུཎྱེ་བ་རི་མ་ཏེ་ཏེ། སརྦ་དྷརྨ་པྲ་ཏི་མན་ཏིཏི། ཏ་ར་ཧ་ར། མ་ལ་ཧ་ར། ཙ་ར་ཙ་ར། སཾ་ཙ་ར། ཙ་ལ་ཙ་ལ། སཾ་ཙ་ལ་ཏ། ལ་ཏ་ལ་མ་ཏ་ལ་ས་མ་ཏ་ལ། རི་ནི་རིན
18a2 སུ་རི་ནེ། ས་མ་རི་ནི། རི་ན་མ་ཏེ། ལོ་ཀ་དྷ་རེ། ལོ་ཀ་དྷ་རེ་ཎེ། དྷ་ར་དྷ་རེ་། ཌ་ར་ཌ་ར། རོ་དྷ་རོ་དྷི། མ་ཧཱ་བི་ཛ་ཡ། བཱ་ཏི་ནི། ཧ་ན་ཧ་ན། སརྦ་བུད་དྷེ། ཏྲི་པྲེ་ཤི། ཏྲ་སི། སརྦ་ཛྙཱ་པ་ཐེ། སརྦ་ཛྙཱ་བ་ར་མི་ཏེ། མ་ཧཱ་པྲ་ཏི་ཥྛ་ན་ས་བཱ་ན་ནེ། ས་མན
18a3 ཨ་ལ་ཀེ་བུད་དྷེ། བི། ཥཡེ། བུད་དྷ། པྲ་ཏེ་མཎེ་ཏ། བྷ་ག་བ་ཏེ་ས་ར་ས་ར། པྲ་ས་ར་པྲ་ས་ར། བ~ཾ་ས་ར་བི་ས་ར། ཁཱ་ས་ར་སརྦ་ཤོ་ཀ་ཨ་པ་ག་ཏེ་སྭཱ་ཧཱ།། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྙིང་པོའི་གཟུངས་ཀྱི་ཆོས་ཀྱི
18a4 རྣམ་གྲངས་འདི་བཤད་མ་ཐག་ཏུ་རི་དང་གནས་སུ་བཅས་པ་དང་། ཚལ་རྣམ་པ་དྲུག་ཏུ་གཡོས།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་ཡང་གཡོས་སོ།། རབ་ཏུ་གཡོས་སོ།། ཀུན་ཏུ་རབ་ཏུ་གཡོས་སོ།།
18a5 རྒྱ་མཚོ་ཆེན་པོ་ཡང་འཁྲུགས། རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས་སོ།། རིའི་རྒྱལ་པོ་རི་རབ་ཀྱང་ལྡེག་ཅིང་འགུལ་ཏོ།། བདུད་ཀྱི་གནས་ཐམས་ཅད་སྐྲག་ནས། བདུད་ཀྱི་རིས་ཀྱི་ལྷ་རྣམས་དང་། བདུད་སྡིག་ཅན་རྣམས
18a6 ཤིན་ཏུ་སྡུག་བསྔལ་ཡིད་མི་བདེ་བར་གྱུར་ཉམས་ཐག་གོ། ། སེམས་ཅན་གང་དག་ས་ཆེན་པོ་གཡོས་པར་མཐོང་བ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག
18a7 འཚལ་ལོ། ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལེ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་དུ་བརྗོད་དོ།། ལྷ་གང་དག་སངས་རྒྱས་ལ་མངོན་པར་དད་པ་དེ་དག་གིས་ལྷའི
18a8 མེ་ཏོག་མན་དྷ་ར་བ་དང་། མན་དྷ་ར་བ་ཆེན་པོ་ཆེན་པོས་བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར་ནས། གང་དག་སངས་རྒྱས་ལ་སྐྱབསུ་སོར་བདེ་དག་ཐམས་ཅད་རབ་ཏུ་དགའ་བ་སྐྱེས་སོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ཤཱཿ




iiif viewer powered by OpenSeadragon

17b - 18b

Texts on this page

Q149 - 'phags pa sangs rgyas kyi snying po zhes bya ba'i gzungs kyi chos kyi rnam grangs