| | e-texts navigator
|
17b1 རྫོགས་པར་སངས་རྒྱས་ཀྱི་བར་དུ་ཚེ་རབས་དྲན་པར་འགྱུར། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར།། དེ་ལ་འབྱུང་པོའི་ཚོགས་ཐམས་ཅད་སྲུང་བར་འགྱུར།
17b2 ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་དགའ་བར་འགྱུར། དེའི་ལུས་ལ་ནད་ཀྱིས་མི་ཚུགས་པར་འགྱུར།
17b3 ཕ་རོལ་གྱི་གནོད་པས་འཆི་བའི་དུས་བྱེད་པར་མི་འགྱུར། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་བཅིལ་ནས་འཆི་བའི་དུས་བྱེད་པར་མི་འགྱུར། དེ་ལ་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར། བདུད་ཀྱི
17b4 རིས་ཀྱི་ལྷ་རྣམས་ཀྱིས་སྐབས་རྙེད་པར་མི་འགྱུར་ཏེ། གང་དུ་ཡིད་ལ་བྱས་པ་དེར་བདུད་ཀྱི་རིས་ཀྱི་ལྷ་དེ་དག་ཐམས་ཅད་སྐྲག་ཅིང་དངངལ་དངང་བར་འགྱུར་ཞིང་ཕྱོགས་བཅུར་འབྲོས་པར་འགྱུར་རོ།། དེ་ལ་འདི་དག་སངས་རྒྱས་ཀྱི
17b5 ཚིག་གོ། སངས་རྒྱས་ཀྱི་ཚིག་ཆེན་པོའོ།། སངས་རྒྱས་ཀྱིས་གནང་བའི་ཚིག་ཆེན་པོའོ།། སངས་རྒྱས་ཐམས་ཅད་ཀྱི་ཚིག་གོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚིག་ཡིན་ན།། ཏདྱ་ཐཱ། བུད་དྷེ། སུ་བུད་དྷེ། མ་ཧཱ་བུད་དྷེ། ཨི
17b6 ཧཱ་བུད་དྷེ། ཏད་ཏྲ་བུད་དྷེ། བུད་དྷེ། བུད་དྷེ་བུད་དྷེ། བུད་དྷེ། བུད་དྷ་མ་ཏི། བུད་དྷེ། སརྦ་བུད་དྷ། ཨ་ནུ་མ་ཏེ། སརྦ་བུད་དྷ། ཨ་ནུ་ཛྙཱ་ན་ཏེ། བུད་དྷ། བུད་དྷ། བུད་དྷ། བུད་དྷ། བུད་དྷ། བུད་དྷ། བུད་དྷ། བུད་དྷ། བུད་དྷ། བུད་དྷ།། སངས་རྒྱས་ཀྱི་ཡུལ
17b7 མཐའ་ཡས་ཏེ། ཆོས་བསྟན་པ་ཡང་མཐའ་ཡས་མོད་ཀྱི།། གཅིག་ཏུ་ཡིད་ལ་བྱ་བ་ནི་མདོར་ན་བསྒོམ་པའོ།། གཟུངས་འདི་ནི་སེམས་རྣམས་ལ་ཐུགས་བརྩེ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་སྟེ།
17b8 ཆོས་ཐམས་ཅད་ཀྱིས་ཕྱག་རྒྱ་ཡིན་ནོ།། ཏདྱ་ཐཱ། ཤུད་དྷེ། སུ་ཤུད་དྷེ། སུ་ཤུད་དྷེ། ཤོ་དྷ་ནི། སང་ཤོ་དྷ་ནི། ནིརྨ་ལེ། མ་ལ་ཨ་བ་ག་ཏེ། ག་ཏི་ས་མཱ་ཏི་ཏྲན་ཏི། ཀྲ་མེ་ས་མ་ས་རེ། ས་རཱ་ས་ར་བ་རི་ཨ་ཤོ་ཀེ། བི་ཤོ་ཀ། ཤོ་ཀ་ཤ
iiif viewer powered by OpenSeadragon
17a - 18a