| | e-texts navigator
|
16b1 ཆོས་ཀྱི་རྣམ་གྲངས་འདི་སླད་མའི་དུས་ན་འཁོར་བཞི་རྣམས་ལ་ཕྱི་བཤོལ་མ་མཆིས་པ་དང་། མི་བསྐྲད་པར་བསྟན་པར་བགྱི། བཤད་པར་བགྱིའོ།། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ལ་ཡང་ངེས་པར་བསྟན་པར་བགྱི་ཞིང་བསྒྲག
16b2 པར་བགྱིའོ། ། དེས་ན་དེ་བཞིན་གཤེགས་པའི་བཀའ་ལུང་དང་འཐུན་པར་འགྱུར། བདག་ཅག་གིས་དེ་བཞིན་གཤེགས་པའི་དམ་པའི་ཆོས་ཡོངས་སུ་བཟུང་བར་འགྱུར། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ལ་ཡང་དོན་ཆེན་པོ་དང་།
16b3 ཕན་པའི་དངོས་པོ་ཆེན་པོར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག་དེའི་ཕྱིར་ཇི་སྐད་སྨྲས་པ་དེ་བཞིན་གྱིས་ཤིག། འདི་ནི་ཁྱེད་ལ་རྗེས་སུ་བསྟན་པའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
16b4 བཀའ་སྩལ་ནས། དབང་ཕྱུག་ཆེན་པོ་དཀའ་ཐུབ་བཟང་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
16b5 འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་གྱི་བའི་གཟུངས་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏ་དང་། དཱན་ཤཱི་ལ་དང་། ཞུས་ཆེན་གྱི་ལོ་ཙྪ་བབན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན
16b6 ལ་ཟབ་པ། ། རྒྱ་གར་སྐད་དུ། ཨཱརྱ་བུད་དྷ་ཧྲི་དཱ་ཡ་ནཱ་མ་དྷཱ་ཎི་དྷརྨ་ཤྭདྱ་ཡ། བོད་སྐད་དུ། འཕགས་པ་སངས་རྒྱས་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག
16b7 འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཆོས་ཀྱི་དབྱེ་དགོན་པ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ཡེ་ཤེས་ཀྱིས་རྣམ་པར་དཔྱད་པ། སྔོན་སངས་རྒྱས་ཀྱིས
16b8 བྱིན་གྱིས་བརླབས་པ། སེམས་ཅན་ཐམས་ཅད་ཀྱིས་མངོན་པར་བསྟོད་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་གནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སྤྱོད་པ་ཀུན་ནས་འོད་ཀྱི
iiif viewer powered by OpenSeadragon
16a - 17a