e-texts navigator
Collection
Volume
Page
Wylie

14a1 བུད་དྷེ་བུད་དྷེ། ཛ་ཡོད་ཏ་ར། བོ་དྷ་ནི། བོ་དྷ་ནི། སཾ་བོ་དྷི། མ་ཧཱ་སཾ་བོ་དྷི། ཨ་དྷི་བ་ད་བོ་དྷ་ནི། ཧ་ལ་ཧ་ལ་ཧ་ལ། ཧི་ལི་ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ་ཧུ་ལུ། སརྦ་བུད་དྷ། དྷརྨ་ཨ་བ་བོ་དྷི་ནི། སཱུ་ཊ་སྥུཊ་སཱུ་ཊ་ནི། སརྦ་བཱ་བ་ནི། བུད
14a2 དྷ་ཨ་དྷིཥྛཱ་ན་སྭཱ་ཧཱ། ། འཕགས་པ་རྒྱལ་བའི་བླ་མའི་གཟུངས་རྫོགས་སྷོ།། @།། རྒྱ་གར་སྐད་དུ། ཨཱརྱ་སརྦ་ཀརྨ་ཨ་བ་ར་ཎ་བི་ཤོ་དྷ་ནི་ནཱ་མ་དྷཱ་རཎཱི། བོད་སྐད་དུ། འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ
14a3 པར་སྦྱོང་བ་ཞེས་བྱ་བའི་གཟུངས། ། བཅོམ་ལྡན་འདས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ།། ན་མོ་རད་ན་ཨུ0f7f་ཡཱ་ཡ། ཨོཾ་ཀཱཾ་ཀ་ནི་ཀཱ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནིཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པར
14a4 པར་ནི་མེ་སྭཱ་ཧཱ། ། གཟུངས་སྔགས་འདིའི་ཚིག་ནི་འདི་ཡིན་ཏེ། རྟག་ཏུ་བཟླས་བརྗོད་བྱས་ན་ལས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ།། དུས་གསུམ་དུ་བཟླས་བརྗོད་བྱས་ན་མཚམས་མེད་པ
14a5 ལྔ་ཡང་བྱང་བར་འགྱུར་རོ། ། ལན་གཅིག་བཟླས་བརྗོད་བྱས་ན་ལྟས་ངན་པ་དང་། རྨི་ལམ་ངན་པ་དང་། བཀྲ་མི་ཤིས་པ་རྣམས་མེད་པར་འགྱུར་རོ།། ལུས་ལ་འཆང་ངམ། གླེགས་བམ་ལ་བྲིས་ནས་མགུལ་དུ་ཐོགས་ཏེ་འཆང་ན
14a6 དེ་ལ་དུས་མ་ཡིན་པར་འཆི་བ་རྣམས་གཏན་དུ་འབྱུང་བར་མི་འགྱུར་རོ། ། གང་ཞིག་སྙིང་རྗེས་ནོན་ཏེ་རི་དགས་དང་། བྱ་དང་། མི་དང་མི་མ་ཡིན་པ་རྣམས་ཀྱང་རུང་སྟེ། འཆི་བའི་རྣ་ཁུང་དུ་བརྗོད་ན་དེ་ངན་སོང་དུ་འགྲོ་བར་མི་འགྱུར
14a7 རོ། ། ཡང་ན་ཤི་སྟེ་དུས་ལས་འདས་ན་ཤི་འཕོས་པའི་མིང་ནས་སྨོས་ཏེ་དེའི་ཕྱིར་བྱམས་པ་དང་སྙིང་རྗེས་ལན་བརྒྱའམ། སྟོང་ངམ། འབུམ་བརྗོད་ན་སེམས་ཅན་དེ་སེམས་ཅན་དམྱལ་བར་སྐྱེས་སུ་ཟིན་ཀྱང་དེའི་མོད་ལ
14a8 ཐར་བར་འགྱུར་རོ། ། ས་འམ་ཏིལ་ལམ། ཡུངས་ཀར་རམ། ཆུ་གར་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ་ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་ནས་དེའི་འོག་ཏུ་བསྲེག་པ་འམ། ཡང་ན་མེན་རྟེན་གྱི་ནང་དུ་བཅུག་སྟེ་བཞག་ལ།




iiif viewer powered by OpenSeadragon

13b - 14b

Texts on this page

Q145 - 'phags pa rgyal ba'i bla ma'i gzungs
Q146 - 'phags pa las kyi sgrib pa thams cad rnam par sbyong ba zhes bya ba'i gzungs