e-texts navigator
Collection
Volume
Page
Wylie

13b1 མུ་ནི་མྲ་ནི་མ་ཧཱ་མུ་ནི་ཡེ་སྭཱ་ཧཱ།། ལན་ཅིག་བཟླས་བརྗོད་བྱས་ན་བསྐལ་པ་བྱེ་བ་བརྒྱ་ཕྲག་བརྒྱད་ཁྲིའི་བར་དུ་སྡིག་པ་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་འབྱུང་བར་འགྱུར་རོ།། འཕགས་པ་ཤཱཀྱ་ཐུབ་པའི་སྙིང་པོའི་གཟུངས།
13b2 རྫོགས་སྷོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཕགས་པ་རྣམ་པར་སྣང་མཛད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། བྱང
13b3 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། བི་རི་བི་རེ། ཧུ་རུ་ཧུ་རུ། བཻ་རོ་ཙ་ན་རིཥྨ་སན་ཙེ་ད་ཏ་ཨ་གཙྪ། ཨཱརྱ་ཨཱ་ཀཱ་ཤ་གརྦྷ་མ་ཧཱ་ཀ་རུ་ཎི
13b4 ཀཔཱུ་ར་ཡ་ཧ་ཤྭཱ་ན། དྷ་ར་ཡ་བུད་དྷ་བི་ཤྩ་ཡ་ན། ཙ་ར་ཙ་ར། ཙི་ཙི་ར་སྭཱ་ཧཱ། བཏོན་པས་འགྲིབ་སྟེ། མཚོན་ཆ་དང་། མེ་དང་། ཆུ་དང་། དྲག་དང་། དུག་སྦྱར་མ་དང་། བྱང་སྟེམས་རྣམས་ཀྱིས་མི་ཚུགས་སོ།། རྒྱལ་པོ་དང་།
13b5 ཆོམ་རྐུམ་ལ་སོགས་པ་ཐམས་ཅད་ཀྱིས་གླགས་མི་རྙེད་དོ།། གང་དུ་བྲེས་ཏེ་བཞག་པ་དེར་ཡམས་ཀྱི་ནད་དང་། གནོད་པ་དང་། འགོ་བའི་ནད་ཐམས་ཅད་མི་འབྱུང་བར་འགྱུར་རོ།། དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ
13b6 འཛིན་ཀྱང་འཐོབ་པར་འགྱུར་རོ། ། འཕགས་པ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ནས་བྱང
13b7 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བའི་བླ་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་རྒྱལ་བའི་བླ་མའི་གཟུངས་སྔགས་ཀྱི་གཞི་འདི་གང་གིས་བཟུང་བས་ཆོས་ཐམས་ཅད་བཟུང
13b8 བ་དང་བཅས་པར་འགྱུར་རོ། ། མི་ཁོམ་པ་བརྒྱད་ལས་འདས་པར་འགྱུར་རོ།། ཚེ་རབས་ཐམས་ཅད་ཏུ་ཡང་གནོད་སྦྱིན་དེ་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱེད་པ་དེ་ལ་ནད་ཐམས་ཅད་ཀྱིས་འཇིགས་པ་མེད་དོ།། སྱཱད་ཡ་ཐེ་དན




iiif viewer powered by OpenSeadragon

13a - 14a

Texts on this page

Q143 - 'phags pa shAkya thub pa'i snying po'i gzungs
Q144 - 'phags pa rnam par snang mdzad kyi snying po'i gzungs
Q145 - 'phags pa rgyal ba'i bla ma'i gzungs