| | e-texts navigator
|
13a1 མཛད་པར་འགྱུར།། སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད།། བརྒྱ་བྱིན་བཅས་ལྷ་བདེ་ལེགས་དང་།། འབྱུང་པོ་ཀུན་གྱི་བདེ་ལེགས་ནི།། ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག། སངས་རྒྱས་བསོད་ནས།
13a2 མཐུ་དག་དང་།། ལྷ་རྣམས་ཀྱིས་ནི་བསམས་པ་ཡི།། བྱེད་ཀྱི་དོན་འདོད་གང་ཡིན་པ།། དོན་དེ་དེ་རིང་གྲུབ་གྱུར་ཅིག། རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག། རྐང་བཞི་ཁྱེད་ཅག་བདེ་ལེགས་གྱུར། ཁྱེད་ཅག
13a3 ལམ་འགྲོ་བདེ་ལེགས་ཤོག། ཕྱིར་ལྡོག་དག་ཀྱང་བདེ་གྱུར་ཅིག། ཉིན་མོ་བདེ་ལེགས་མཚན་བདེ་ལེགས།། ཉི་མའི་གུང་ལའང་བདེ་ལེགས་ཤིང་།། ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག། ཁྱེད་ཅག་སྡིག་པར་མ་གྱུར
13a4 ཅིག། སངས་རྒྱས་ལྷ་རྣམས་སྟོང་དག་གིས།། ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱིས།། སྡང་སེམས་ལྡན་པ་རྣམས་བྱེད་ཅིག། སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད།། སངས་རྒྱས་རང་སངས་རྒྱས་རྣམས
13a5 དང་། དགྲ་བཅོམ་སློབ་པའི་བདེན་ཚིག་གིས།། འཇིག་རྟེན་མི་ཕན་བྱེད་པ་རྣམས།། གྲོང་ཁྱེར་འདིར་ནི་སྟོང་གྱུར་ཅིག། སེམྲ་ཅན་ཀུན་དང་སྲོག་ཆགས་ཀུན།། འབྱུང་པོ་ཀུན་དང་ཁྱེད་ཅག་ཀུན།། བདེ་བ་འབའ་ཤིག་ལྡན
13a6 གྱུར་ཅིག། ཐམས་ཅད་ནད་རྣམས་མེད་པར་ཤོག། ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག། གང་ཡང་སྡིག་པར་མ་གྱུར་ཅིག། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིག། ས་དང་བར་སྣང་དག་ལ་གནས
13a7 པ་རྣམས། ། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག། ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག། འཕགས་པ་ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ།། རྫོགས་སྷོ།། །། ཁཎ་ཊི་ཏ་ས་རེན
13a8 དྲ་བོ་དྷི་དང་ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་ཡེ་ཤྲེ་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། ཏདྱཐཱ།
iiif viewer powered by OpenSeadragon
12b - 13b