e-texts navigator
Collection
Volume
Page
Wylie

266b1 ཕར་མི་འཛིན་པ་མར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། རིགས་ཀྱི་གཙོ་བོ་ལ་བསྙེན་བཀུར་མི་བྱེད་དེ། དེས་ནི་གཟུངས་འདི་ལག་ཏུ་འོང་བར་མི་འགྱུར་ཞིང་། བསོད་ནམས་ཆུང་བ་སྐལ་བ་ཆུང་བ། བློ་ཞན་པ་རྣམས་ཀྱིས་ཀྱང་།
266b2 ཉན་པར་མི་འགྱུར། འཆང་བར་མི་འགྱུར་ཞིང་། སྡིག་པ་ཐམས་ཅད་འཇིག་པར་བྱེད་པ། དེ་བཞིན་གཤེགས་པའི་གསང་བའི་གཟུངས་འདི་ལ་དད་པ་བསྐྱེད་པར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག
266b3 ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། ། རིགས་ཀྱི་བུ་ང་ནི་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ཚད་མེད་པ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་བདེན་འཇིག་རྟེན་གྱི་ཁམས
266b4 ནོར་བུའི་སྒྲོན་མ་ཞེས་བྱ་བ་གྲོང་ཁྱེར་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཅུ་གཉིས་པའི་རབ་རིན་པོ་ཆེ་སྣ་བདུན་ལས་བྱས་པ། རྒྱས་པ། བདེ་བ་ཉམས་དགའ་ག་ལོ་ལེགས་པ། སྐྱེ་བོ་དང་། མི་མང་པོས་གང་བ། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ
266b5 མོ་དང་སྐྱེ་བོའི་ཚོགས་ཐམས་ཅད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཉིད་སྣང་ཞིང་ནོར་བུ་དང་། གསེར་འབར་བའི་མགོ་རྒྱན་སྣ་ཚོགས་ཀྱིས་མགོ་བརྒྱན་པ། ལྷའི་གཟུགས་ཅན། མཐུ་དང་བརྩོན་འགྲུས་ཆེན་པོ་དང་ལྡན་པ། བཤེས་གཉེན་ཐམས་ཅད
266b6 དང་ལྡན་ཏེ། རིག་པའི་གནས་རྟོགས་པར་ཁོང་དུ་ཆུད་པ། སྣང་བ་ཡོད་པར་འགྲོའོ།། འཇིག་རྟེན་གྱི་ཁམས་དེ་ན་རྒྱལ་པོ་ནོར་བུ་སྣ་ཚོགས་ཤེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་སྟེ། བློན་པོ་བྱེ་བ་ཕྲག་བརྒྱད་བཅུས་ཡོངས་སུ་བསྐོར་ཅིང་བཙུན་མོ་དམ་པ
266b7 གསལ་བྱེད་མ་ཞེས་བྱ་བ་བུད་མེད་ཉི་ཁྲིའི་འཁོར་ཅན་ལྷའི་བུ་མོ་ཐམས་ཅད་ཀྱི་ལུས་ལ་འགྲན་པ་ཞིག་ཡོད་དོ། ། འཇིག་རྟེན་གྱི་ཁམས་དེ་ན་ཡང་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། དྲང་ཆུའི་ཤིང་དང་། དྲིའི་ཤིང་གང་ཡིན་པ་དེ་དག་ཐམས་ཅད་ཀྱང
266b8 རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཡིན་ནོ། ། ཆ་ལས་སྐྱེས་པའི་མེ་ཏོག་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ཡིན་ནོ།། ཐང་ལས་སྨྲས་པའི་མེ་ཏོག་གང་ཡིན་པ་དེ་དག་ཐམས་ཅད་ནི་འཛམ་བུ་ཆུ་བོའི་གསེར་གྱི་རང་བཞིན་ནོ།། །




iiif viewer powered by OpenSeadragon

266a - 267a

Texts on this page

Q138 - 'phags pa nor bu chen po rgyas pa'i gzhal med khang shin tu rab tu gnas pa gsang ba dam pa'i gsang ba'i cho ga zhib mo'i rgyal po zhes bya ba'i gzungs