e-texts navigator
Collection
Volume
Page
Wylie

265b1 འཇིགས་ཤིང་འཇིགས་སུ་རུང་བའི་སྒྲ་ཡང་མ་ཐོས་ཤིང་མཚོན་ཆའི་ཆར་དེ་དག་ཐམས་ཅད་ཀྱང་མེ་ཏོག་སྣ་ཚོགས་སུ་བབ་པར་གྱུར་ཏོ། ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་སུམ་མདོའི་དབུས་དེའི་ས་དེ་ཡང་རྡོལ་ནས་རིན་པོ་ཆེ་སྣ་བདུན་གྱི་པད་མ་མདབ
265b2 མསྟོང་པ་སྡོང་བུ་ནི་བཻ་དཱུརྱ་སྙིང་པོ་ནི་འཛམ་བུ་ཆུ་བོའི་གསེར། ཟེ་བ་ནི་རྡོའི་སྙིང་པོ།། སྲིད་ནི་ཚངས་པའི་འཇིག་རྟེན་གྱི་བར་ལ་ཐུག་པ་འོད་དང་ལྡན་པ་ཞིག་བྱུང་སྟེ། པད་མ་དེ་བྱུང་ནས་ཕྱོགས་བཅུ་ཐམས་ཅད་དུ་སྣང་བར་བྱས་སོ།། དེ་ནས་པད་མེད་ལས་ནོར
265b3 བུ་རྡོ་རྗེ་མཆོག་ལྡན་ཞེས་བྱ་བའི་གཟུངས་ཀྱིས་སྐུལ་བའི་སྒྲ་འདི་བྱུང་ངོ་། ། ཕྱོགས་བཙུན་བཞུགས་པའི་དེ་བཞིན་གཤེགས་པ་གང་ལགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། ཨོཾ་མ་ཎི་བཛྲ་ཧྲིད་ཡ། བཛྲ་མ་ར་སེ་ནྱ་བི་དྲ་བ་ནི། ཧན་ཏ་ན། བཛྲ་གརྦྷེ།
265b4 ས་ཡ་ཏྲ་ས་ཡ། སརྦ་མཱ་ར་བྷུ་བཱ་ན་ནི་དྷཱུ་ཧཱུཾ། སན་དྷ་ར་སན་དྷ་ར། བུད་དྷ་མེ་ཏྲི་སརྦ་ཏ་ཐཱ་ག་ཏ། བཛྲ་ཀ་ལ་པ་ཨ་དྷིཥྛི་ཏེ་སྭཱ་ཧཱ། པད་མ་དེ་ལས་ཡང་ལེགས་སོ་ཞེས་བྱ་བའི་སྒྲ་གྲག་སྟེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྨྲས་བཀང་ནས
265b5 ཤཱཀྱ་ཐུབ་པ་སྲིད་པའི་དགོན་པོ་ལས་ནི་རྒལ། བདུད་ནི་བཅོམ། ཉོན་མོངས་པའི་རྡུལ་ནི་སྤངས། མ་རིག་པའི་སྒོང་ངའི་སྦུབས་ནི་དྲལ། ཆོས་ཀྱི་སྒྲོན་མ་ཆེན་པོ་ནི་སྦར་ཏེ། གང་གི་ཕྱིར་གཟུངས་འདིའི་མཐུས་ས་རྡོ་རྗེར་བྱིན་གྱིས་བརླབས་ནས་བདུད་ནི་བཅོམ
265b6 པ་ལེགས་སོ་ལེགས་སོ། ། དེ་ནས་གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་སྤུ་ཟིང་ཞེས་བྱེད་ཅིང་ལུས་དདག། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སླད་དུ་རིག་སྔགས
265b7 ཆེན་མོ་འདི་འདུས་པ་དང་པོ་ལ་འཛམ་བུའི་གླིང་དུ་བྱུང་ལགས། བཅོམ་ལྡན་འདས་རིག་སྔགས་འདི་འཇིག་རྟེན་དུ་སྔོན་བྱུང་བར་མཐོས་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ནོ
265b8 བུ་ཆེན་པོ་རྒྱས་པའི་གཞལ་མེད་ཁང་ཤིན་ཏུ་རབ་ཏུ་གནས་པ་གསང་བ་ཞེས་བྱ་བའི་གཟུངས་ཡོད་དེ། དེའི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྡོ་རྗེའི་རང་བཞིན་དུ་གྱུར་ནས། མཚོན་ཆའི་ཆར་འབབ་པ་འདི་ཡང་མེ་ཏོག་རྣཆོས




iiif viewer powered by OpenSeadragon

265a - 266a

Texts on this page

Q138 - 'phags pa nor bu chen po rgyas pa'i gzhal med khang shin tu rab tu gnas pa gsang ba dam pa'i gsang ba'i cho ga zhib mo'i rgyal po zhes bya ba'i gzungs