e-texts navigator
Collection
Volume
Page
Wylie

158b1 ཅད་འདིར་བྱའོ། ། རིག་སྔགས་སྙིང་རྗེའི་ཤུགས་ཀྱིས་འགྲོ།། ལས་ངན་རྒྱུན་གཅོད་བཅོས་མ་ཡིན།། ལས་ངན་དག་པའི་རང་བཞིན་དུ།། ཁྲོས་པས་དམིགས་པར་མི་འགྱུར་ཏེ།། སྦྱོར་བ་རྣམས་ནི་བཅོས་མར་འགྱུར།། བྱང་ཆུབ་བཅོས་མེད་འབད་སྤང
158b2 པའོ། ། རྡོ་རྗེས་འོག་ཏུ་རྒྱུ་བ་ལས་རྟོག་པ་གཉིས་པའོ།། དེ་ནས་ཁམས་གསུམ་རྣམ་རྒྱལ་པོ།། སྔང་ནི་སྤྲུལ་བ་བཅུ་དྲུག་པོས།། རྟོག་པ་བཅུ་ཕྲག་དང་བཞི་ཡང་།། གཉིས་ཀྱིས་རིག་མི་འཇོམས་བྱེད་འདིར།། སྤྲུལ་པ་བརྒྱད་དུ་བསྡུས་པ་དང་།། བདག
158b3 ཉིད་གཅིག་པུ་བསྒོམ་པའང་གསུངས། ། ནམ་མཁའི་ཁམས་སུ་འབྱུང་བཞི་པས་མ།། རི་རབ་ལྷུན་པོ་ཧྲཱི་ཡཾ་གི་ལས།། པད་མ་འདབ་གྲངས་ལྟེ་བ་ལ།། ཟླ་བའི་དཀྱིལ་འཁོར་རྫོགས་པའོ།། ཧཱུཾ་ལས་བྱུང་བའི་ཁྲོ་བ་ནི།། ཞལ་གཅིག་ཕྱག་བཞིན་བཟའ་སྔོ།།
158b4 དྲིལ་བུ་མདའ་གཞུ་འགེངས།། སྦྲུལ་དང་མི་སྡུག་མགོས་བརྒྱན་ཅིང་།། སྟག་ལྤགས་སྨད་དཀྲིས་འཇིགས་སེལ་བ།། ཁྲོ་བོ་རྣམ་རྒྱལ་བསྒོམ་པར་བྱ།། ཐུགས་ཁའི་ཧཱུཾ་གི་སྦྱོར་བ་ཡིས།། ཤར་ལ་སོགས་པའི་ཕྱོགས་མཚམས་སུ།། འཇིག་རྟེན་གསུམ་སྣང་རྡོ་རྗེ
158b5 དང་། འཇིག་རྟེན་གསུམ་འདུལ་རིན་ཆེན་དང་།། འཇིག་རྟེན་གསུམ་འཆིང་པད་མ་དང་།། འཇིག་རྟེན་གསུམ་འཇིག་ལས་ཉིད་དག། གཡས་རྣམས་རང་མིང་མཚན་མ་ལ།། གཡོན་རྣམས་སྡུག་པ་བསྡིགས་པའོ།། བདུད་རྩི་འཁྱིལ་དང་དབྱུག་སྔོན་དག།
158b6 མི་གཡོ་བ་དང་རྟ་མགྲིན་འོ།། རྡོ་རྗེ་དང་ནི་དབྱུག་པ་དང་།། རལ་གྲི་པད་མ་གཡས་རྣམས་སོ།། གཡོན་པ་གདུག་པ་བསྡིགས་པའོ།། བརྒྱད་ཀྱི་དབུས་ན་ཁྲོ་བོ་བདག། འཇིག་རྟེན་གསུམ་གྱི་འཁྲུལ་པ་སྤྱོད།། དབྱུག་པ་ནག་སོགས་པོ་ཉ་བཞི།། སྐུ
158b7 མདོག་མཚན་མས་བརྒྱན་པ་ཁྲོས། ། ལྕགས་ཀྱུ་ལ་སོགས་སྒོར་གནས་པ།། ཁྲོ་བོའི་འཁོར་ལོ་འཇིགས་སེལ་བསྒོམ།། གཙོ་བཅས་རིག་པའི་ཁྲོ་བོ་ཀུན།། རྒྱུ་མའི་ཕྲེང་བས་དོ་ཤལ་བྱས།། གོས་སྔོན་ཅན་ལ་སྟག་ལྤགས་དཀྲིས།། གདུག་པ
158b8 སེལ་བའི་ལམ་དུ་བསྒོམ། ། དེ་ནས་ཁམས་གསུམ་རྣམ་རྒྱལ་བ།། ཁྲོ་བོའི་མཚན་ཉིད་སྔགས་བཅས་བཤད།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་སངས་རྒྱས




iiif viewer powered by OpenSeadragon

158a - 159a

Texts on this page

Q131 - rdo rje sa gsum du rgyu ba zhes bya ba'i rtog pa'i rgyal po