| | e-texts navigator
|
158a1 དུག་སྩོགས་བཟའ། ། རྡོ་རྗེས་འོག་ཏུ་རྒྱུ་བ་ལས་རྟོག་པ་དང་པོའོ།། དེ་ནས་སྤྱན་སྩོགས་སྐྱེ་མཆེད་ལ།། ཧཱུཾ་བྱུང་ཁྲོ་བོ་བསྒོམ་པར་བྱ།། སྐུ་སྩོགས་གསུམ་ལ་རྡོ་རྗེ་གསུམ།། བསྒོམ་པ་འདི་ནི་དབང་བྱེད་པའོ།། དང་པོ་ཞིབས་ཞི་བར་བྱ།
158a2 ཀླུ་ལ་སྩོགས་པའི་གཟུགས་བྱས་ལ།། རང་སྙིང་འོད་ཀྱིས་བཀུག་ལ་བསྟིམ།། མཆོད་སྦྱིན་བྱ་བ་སྙིང་རྗེས་སྦྱིན།། འཇོག་པོ་དང་ནི་རིགས་ལྡན་དང་།། མཐའ་ཡས་ནོར་རྒྱས་པད་མ་དང་།། བདེ་ཆེན་དུང་སྐྱོང་སྟོབས་ཀྱིས་རྒྱུ།། དུག་རྣམས་སྙིང་རྗེའི་སྦྱོར་བས
158a3 སྤྱད། ། ནག་པོ་དཀར་པོ་སྔོན་པོ་དང་།། རང་གི་གནས་སུ་སྦྱར་བར་བྱ།། ཡང་ན་ཞི་བའི་ཐབ་ཁུང་དུ།། ཀླུ་པི་སྡིག་པ་ཞི་བར་བྱ།། ཤིན་ཏུ་གནག་པའི་རིགས་དེ་ལ།། མངར་གསུམ་ཆུ་ཡིས་གསོ་བར་བྱ།། གང་ཞིག་སྡིག་ཅན་ཞི་མི་འདུལ།། གཉིས་ཀྱི
158a4 སྦྱོར་བས་རྒྱུན་གཅོད་བྱ། ། ཁྲག་དང་དུག་སྩོགས་རྫས་དག་ལ།། རིག་པ་བཟློག་པས་བསྒྲུབས་ནས་ནི།། ཤིན་ཏུ་ཁྲོས་པའི་ཁྲོ་བོ་ཡིས།། དགུག་དང་གཞུག་དང་མྱོས་གསད་དང་།། ཚོགས་གདུག་པ་དབང་བྱས་ལ།། བསྲེག་པ་ལ་སྩོགས་ལས
158a5 བྱའོ། ། བརྒྱད་དང་བཅུ་བཞིའི་དུས་ཀྱི་ཚེ།། སྐྱ་རེངས་ཤར་དང་དམར་རངེས་ཆ།། ཉིན་མཚན་ཟད་པའི་དུས་ཀྱི་ཚེ།། སྒྲ་སྒྲོལ་བཅུད་འཛག་གཅེར་བུ་ནི།། བྱོལ་སོང་གནས་སུ་ཁྲག་སྐྱུག་གོ།། ལུས་དབུས་མེ་འབར་བསྒྲུབ་བྱ་དེ།། ཁྲོ་བོའི་བ་སྤུའི་བུ
158a6 ག་ལས། ། སྤྲོས་པའི་ཁྲོ་བོ་ཁྲོས་པ་དང་།། མངག་གཞུག་རྣམས་ཀྱིས་དྲངས་བྱས་ནས།། རྟོག་པས་རྟོག་པ་བཟའ་བར་བྱ།། སྔར་ནི་རྡོ་རྗེ་ས་འོག་ལས།། གདུག་པ་འདིར་ནི་བཟའ་བར་བྱ།། མང་དུ་སྨྲས་པས་ཅི་ཞིག་དགོས།། མ་བཅོས་པ་ཡི་སམྲ
158a7 ཅན་ལ། ། སྙིང་རྗེའི་ཡིད་ཅན་རྡོ་རྗེ་སེམས།། ཏིལ་སྩོགས་རྫས་དང་སྔགས་སྦྱོར་གྱིས།། སྡིག་པ་ཞི་བྱེད་སྦྱིན་བསྲེག་བྱ།། རིག་པའི་བློ་ཅན་ཀུན་བཟངས་ཀྱིས།། ཞོལ་སྲེག་བྱ་རྒྱས་པའོ།། མི་རྟག་གྱུར་པའི་གདུལ་བྱ་ལ།། འདོད་ཆགས
158a8 ཡིད་ཅན་བདེ་ཆེན་གྱིས། ། བདག་ཉིད་དགོས་པ་བརྟན་བྱའི་ཕྱིར།། ཨུཏ་པལ་དམར་སྩོགས་ཀྱིས་བསྒྲུབ་པའོ།། འདིར་ནི་མ་རུངས་སྡིག་པ་བྱེད།། གཙོར་ནི་སྤྱད་ཕྱིར་ཁྲོ་སེམས་ཀྱིས།། མངོན་སྤྱོད་ལས་ནི་རྒྱུད་ཀུན་ལས།། བཤད་པ་ཐམས
iiif viewer powered by OpenSeadragon
157b - 158b