| | e-texts navigator
|
156b1 བསྲེག་བྱས་ན་ནང་བཞི་པ་ཐམས་ཅད་དབང་དུ་འགྱུར་རོ། ། སམ་འམ་ཏག་འདྲམ་སྦྱིན་པསྲེག་བྱས་ན་རྒྱལ་པོའི་ཕོ་ཟང་འབོར་དུ་ཚིག་གཟུང་འོས་པར་འགྱུང་།། སྣ་མ་མོ་ག་འབྲམ་སྦྱིན་པ་སྲེག་བྱས་ན་བུ་མེད་ཐམས་ཅད
156b2 དུ་འགྱུར་རོ། ། སྐེ་ཚེའི་སྡོང་བུའི་ཡམ་བསྲེག་ཤིང་སྦྲང་རྩི་ལ་སྤྲུགས་པ་བརྒྱ་སྦྱིན་བསྲེག་བྱས་ན་གདོན་ཐམས་ཅད་དེ་ལ་ཞི་བར་བྱེད་པར་འགྱུར་རོ།། འབྲས་ཀྱི་འོ་ཐུག་དང་སྦྲང་རྩི་འབབ་ཆུའི་ནང་དུ་གཏོར་ན་ཀླུ་མོ་ཐམས་ཅད་དེའི་དབང
156b3 དུའགྱུར་ཏེ་རང་རང་གི་གནས་སུ་ཡང་ཁྲིད་པར་བྱེད་དོ། ། ལོག་འདྲེན་པསྒྲུབ་པར་འདོད་ན་མ་དྷི་མུག་ཏ་ཀའི་མེ་ཏོག་འབུམ་གཏོར་ན་ལོག་འདྲེན་ཐམས་ཅད་དངོས་གྲུབ་སྦྱིན་པར་བྱེད་དོ།། ཨ་ཤྭད་ཏིའི་ལོ་མ་སྦྲང་རྩིལ་སྤྱུགས་པ་སྟོང་རྩ
156b4 བརྒྱད་སྦྱིན་བསྲེག་བྱས་ན་གནོད་སྦྱིན་མོ་ཐམས་ཅད་རིག་སྔགས་འཆད་དེ་ལ་ཉིན་གཅིག་བཞིན་སྣོད་གང་བ་ཅི་འདོད་པ་འབྲལ་ལོ། ། རྨ་བྱའི་སྒྲོ་སྟོང་རྩ་བརྒྱད་སྦྱིན་པ་སྲེག་བྱས་ན་བདུད་ཀྱི་གནོད་པ་ཐམས་ཅད་བསལ་བར་འགྱུར་རོ།།
156b5 ཨ་ག་རུ~ཾ་ས་མིཛིན་ན། ཨ་སྟྭ་ཧ་ས་སྲན་ཛྲེ་ཏུ་ཡད་ར་ཛ་བ་ཤོ་བ་བ་ཏི། པྲི་ཡང་ཀུའི་ལམ་སྲེག་ཤིང་གིས་ནི། མ་ཧཱ་རཱ་ཛ་གྲ་མ་ཏི་ཤི་བ་ཤོ་བ་བ་ནི། ཨ་ག་རུའི་ཡམ་སྲེག་ཤིང་མེ་བུས་ལ་ཏིལ་འབྲུ་ཁྲི་སྦྱིན་བསྲེག་བྱས་ན་ཡུལ་དབང་དུ
156b6 འགྱུར་རོ། ། ཤིང་འོ་མ་ཅན་གྱི་མེ་བུས་ལ་ཏིལ་འབྲུ་འབུམ་སྦྱིན་བསྲེག་བྱས་ན་ཤ་ཟ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ།། ཤིང་མ་དཀས་མེ་བུས་ལ་ན་ལེ་ཤམ་གྱི་འབྲུ་སྟོང་རྩ་བརྒྱད་སྦྱིན་བསྲེག་བྱས་ན་འབྱུང་པོ་ཐམས
156b7 ཅད་དབང་དུ་འགྱུར་ཏེ། འབྱུང་པོའི་བདག་པོ་རེ་རེ་ཡང་ཉིན་གཅིག་བཞིན་དུ་གཡོག་བརྒྱའི་གོས་ཟས་སྦྱིན་པར་བྱེད་དོ།། གར་འགྲོ་འདོད་པ་དེར་ཕྲག་པ་ལ་ཞོན་ཏེ་འགྲོའོ།། མོན་སྲན་གྲེའུ་འབྲུ་འབུམ་སྦྱིན་པསྲེག་བྱས་ན་འབྱུང་པོ་ཐམས
156b8 ཅད་དབང་དུ་འགྱུར་ཏེ་དེ་དག་རིག་སྔགས་འཆང་དེའི་ཡོ་བྱད་ཐམས་ཅད་སྒྲུབ་བོ། ། འཇམ་དཔལ་འདི་དག་ལ་སྩོགས་པ་གཟུངས་སྔགས་འདི་རྣམས་ཀྱི་སྒྲུབ་པ་དག་གི་ནང་དུ་སྦྱོར་བ་དེའི་དངོས་གྲུབ་སྦྱིན་པར་བྱེད་དེ། འདོད་པ་དང་སྦྱོར
iiif viewer powered by OpenSeadragon
156a - 157a