| | e-texts navigator
|
156a1 ན་ཐོས་པ་འཛིན་པར་འགྱུར་རོ། ། རིག་སྔགས་འཆང་ཉིད་ཀྱང་ཐོབ་པར་འགྱུར་རོ།། དེ་ཇི་སྲིད་འདོད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ།། ད་མ་དཀར་པོ་སྟོང་རྩ་བརྒྱ་དབུལ་ན་དེ་ལ་འཇམ་དཔ་ལ་གྲུབ་པར་འགྱུར་ཏེ་རྒྱལ
156a2 སྲིད་དམ་པ་འམས་འོག་ཏུ་འཇུག་པ་འམ་མི་སྣང་བར་བྱ་བ་འམ་ཐོས་པ་འཛིན་པའམ་སྨན་བཅུད་ཀྱིས་ལེན་ཡང་རུང་སྟེ། དམ་པ་ལྔ་ལས་གང་ཡང་རུང་བཞིག་སྦྱིན་པར་བྱེད་དོ།། སྐྱུ་རུ་རའི་ཡམ་ཤིང་སྟོང་རྫ་བརྒྱད་སྦྱིན་བསྲེག་བྱས་ན
156a3 གནོད་སྦྱིན་མོ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་དབང་དུ་འགྱུར་ཏེ་དེ་དག་ཅི་འདོད་པ་སྒྲུབ་པར་བྱེད་དོ། ། བིལ་བའི་འབྲས་བུ་འབུམ་སྦྱིན་བསྲེག་བྱས་ན་དཔལ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་གྲུབ་པར་འགྱུར་ཏེཅི་འདོད་པ་བཞིན་སྒྲུབ་བོ། མ
156a4 ཛྷ་དི་མ་པྲ་ཡང་ཅན་ཏི། བ་རུ་རའི་འབྲུ་འབུམ་སྦྱིན་བསྲེག་བྱས་ན་དབྱངས་ཅན་ཐམས་ཅད་གྲུབ་པར་འགྱུར་ཏེ་དེ་དག་གྲུབ་པས་ཚིག་ཐོགས་པ་མེད་པར་འགྱུར་རོ།། པྲི་ཡང་ཀུའི་མེ་ཏོག་ཁ་མ་བྱེ་བ་བྲི་སྦྱིན་པསྲེག་བྱས་ན་ཉིན་གཅིག་བཞིན
156a5 ཀར་ཤ་པ་ནི་ལྔ་ལྔ་རྙེད་པར་འགྱུར་རོ། ། ཅི་སྟེ་ཐམས་ཅད་གཉིད་ཀྱིས་ལོག་པར་བྱེད་འདོད་ན་གྲོང་ཁྱེར་གྱི་བདག་པོའི་ལྷའི་གཟུགས་རི་མོར་བྲིས་པ་བྲེས་ལ། སྐེ་ཚེའི་སྦྱིན་བསྲེག་བྱས་ལ་དེའི་ཐལ་བོ་ཐོགས་ལ་གྲོང་ཁྱེར་དུ་སོང་སྟེ
156a6 གཏོར་ན་དེ་དག་ཐམས་ཅད་གཉིད་ཀྱིས་ལོག་ཅིང་འདུག་པར་འགྱུར་ཏེ་ཅི་འདོད་པ་བྱེད་དོ། ། གྲོང་ཁྱེར་ལ་ཇི་ལྟ་བ་བཞིན་དུ་ཡུལ་ལ་ཡང་དེ་བཞིན་དུ་བྱའོ།། མཚེའུ་བསྐམས་པར་འདོད་པས་སྐེ་རྩེའི་བསྲེག་བླུགས་རང་གི་ཁྲག་དང་སྤགས
156a7 པ་ཁྲི་སྦྱིན་བསྲེག་བྱས་ལ་དེའི་ཐལ་བ་བླངས་ཏེ། མཆོའུ་དེར་གཏོར་ན་མཚེའ་སྐམས་པར་འགྱུར་ཏེ། དེ་ན་གནས་པའི་ཀླུ་རྣམས་ཀྱིས་ཅི་འདོད་པ་བཞིན་དུ་རིན་པོ་ཆེ་རྣམས་འབུལ་ལོ།། ཨ་བ་མ་དགའི་ཡམ་བསྲེག་ཤིང་འབུམ་སྦྱིན
156a8 བསྲེག་བྱས་ན་ལྷ་མོ་དཔལ་མཐོང་བར་འགྱུར་ཏེ། ས་ཙར་ཛཱ་མ་པྲ་ཡད་ཚ་ཏི། བལ་པའི་འབྲས་བུ་སྟོང་རྩ་བརྒྱད་སྦྱིན་བསྲེག་བྱས་ན་རྒྱལ་པོ་ཆེན་པོའི་མདུན་ན་འདོན་དུ་འགྱུར་རོ།། མྱ་ངན་འཚང་གི་ཡམ་བསྲེག་ཤིང་འབུམ་སྦྱིན
iiif viewer powered by OpenSeadragon
155b - 156b