| | e-texts navigator
|
155b1 ཡང་རུང་བ་ཞིག་ཀྱང་རྙེད་པར་འགྱུར་རོ། ། དེས་ཅི་འདོད་པ་ཐམས་ཅད་རྙེད་པར་འགྱུར་རོ།། ཕྱག་ན་རྡོ་རྗེའི་གཟུགས་ཀྱི་མདུན་དུ་ཀིང་ཤུ་ཀའི་མེ་ཏོག་འབུམ་ཕུལ་ན་ཏི་ན་ར་སྟོང་རྙེད་པར་འགྱུར་རོ།། ཕྱག་ན་རྡོ་རྗེའི་གཟུགས་ཀྱི་ལག་པ་ནཱ
155b2 བཟུང་སྟེ་ཟླ་བ་གཅིག་བཟླས་བརྗོད་བྱས་ན་ཉིན་གཅིག་བཞིན་ཏེ་ན་ར་རེ་རེ་སྦྱིན་པར་བྱེད་དོ། ། ཕྱག་ན་རྡོ་རྗེའི་གཟུགས་པད་མའི་འདབ་མའི་སྟེང་དུ་བཞག་སྟེ། སྣ་མའི་མེ་ཏོག་ཁྲི་ཕུལ་ན་ཉིན་གཅིག་བཞིན་ཀར་ཤ་པ་ཎི་རེ་རེ་སྦྱིན
155b3 པར་བྱེད་དོ། ། ཟླ་བ་གཅིག་ཏུ་ནམ་བྱེད་ན་ལངས་ཏེ་ཉིན་གཅིག་བཞིན་གི་ཝང་གིས་དཀྱིལ་འཁོར་བྱས་ལ་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་ལས་ཐམས་ཅད་ནུས་པར་འགྱུར་རོ།། བགེགས་རྣམས་ཀྱང་མི་འཚེ་བར་འགྱུར་རོ།།
155b4 ཟླ་བ་གཅིག་ཏུ་ཙན་དན་དམར་པོས་དཀྱིལ་འཁོར་བསྐུས་ལ་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་ཤ་ཟ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་དེ་བྱེད་དོ།། རང་གི་ཁྲག་གིས་དཀྱིལ་འཁོར་བསྐུས་ཏེ་ཟླ་བ་གཅིག་ཏུ་བཟླས་བརྗོད།
155b5 བྱས་ན་མཁའ་འགྲོ་མ་ཐམས་ཅད་དབང་དུ་འགྱུར་ཏེ་ཅི་འདོད་པ་བྱེད་དོ།། ཤུ་དག་དཀར་པོ་འབུམ་སྦྱིན་བསྲེག་བྱས་ན་མ་མེ་ཐམས་ཅད་འགྲུབ་པར་འགྱུར་ཏེ་དེ་དག་ཅི་འདོད་པ་དེ་ཐམས་ཅད་བསྒྲུབ་པོ།། ལི་ག་དུར་འབྲུ་སྟོང་སྦྱིན་བ་སྲེག
155b6 བྱས་ན་ཉིན་གཅིག་བཞིན་སྣོད་གང་བ་རྙེད་པར་འགྱུར་རོ། ། སྒེའུ་གཤེར་གྱི་རྩ་བ་སྦྱིན་པ་སྲེག་བྱས་ན་ཉིན་གཅིག་བཞིན་ཀར་ཤ་པ་ཎི་བཞི་བཞི་རྙེད་པར་འགྱུར་རོ།། ཨ་པ་མརྒའི་སྙིང་པོ་ཁྲི་སྦྱིན་པ་སྲེག་བྱས་ན་ལོངས་སྤྱོད་ཟད
155b7 མི་ཤེས་པ་འབྱུང་བར་འགྱུར་རོ། ། ན་ལེ་ཤམ་གྱི་འབྲུ་སྟོང་རྩ་བརྒྱད་སྦྱིན་བསྲེག་བྱས་ནས་ཐལ་བ་བླངས་ཏེ་ཐིག་ལེ་བྱས་ལ། མོན་སྲན་སྡེའུ་ལ་སྩོགས་པའི་ཕུང་པོའི་ནང་དུ་གཏོར་ན་དེ་མི་ཟད་པར་འགྱུར་རོ།། ཅི་སྟེ་འཇམ་དཔལ
155b8 བསྒྲུབ་པར་འདོད་ན་ཨ་ག་རུ་དང་བསྲེས་པའི་གི་ཝང་གིས་དཀྱིལ་འཁོར་བསྐུས་ལ་དེར་གཟུགས་བཞག་སྟེ་ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་བྱས་ན་བདག་ཉིད་འཇམ་དཔལ་མཐོང་བར་འགྱུར་ཏེ་དེས་ཆོས་སྟོན་ཏོ། ། དེ་མཐོང
iiif viewer powered by OpenSeadragon
155a - 156a