| | e-texts navigator
|
155a1 འབུམ་སྦྱིན་བསྲེག་བྱས་ན་དགྲ་སྲོག་དང་བྲལ་བར་འགྱུར་རོ། ། རྒྱ་ཤུག་གི་འབྲས་བུ་ཚ་བ་གསུམ་གྱི་མར་དུ་སྤྲུགས་པ་ཁྲི་སྦྱིན་བསྲེག་བྱས་ན་བགེགས་ཐམས་ཅད་ཀྱིས་མི་གཙེ་བར་འགྱུར་རོ།། ཨ་རུ་རའི་འབྲས་བུ་ཡུངས་དཀར་གྱི་མཱ་དུ
155a2 སྤྲུགས་པ་སྟོང་རྩ་བརྒྱད་སྦྱིན་བསྲེག་བྱས་ན་ཉི་མ་ལྔས་དགྲ་ཕུང་བར་འགྱུར་རོ། ། དབང་དུ་བྱན་འབྲས་ས་ལུའི་ཕྱེ་ལས་གཟུགས་བྱས་ལ་གཏུབ་ཅིང་སྦྱིན་བསྲེག་བྱས་ན་ཞག་བདུན་གྱིས་བརྒྱ་བྱིན་ཡང་དབང་དུ་འགྱུར་རོ།། ཀ་ར་བི་རིའི་མེ་ཏོག་ཁམ
155a3 བྱོབྱེ་བ་སྦྱིན་བསྲེག་བྱས་ན་གནོད་སྦྱིན་མོ་དབང་དུ་འགྱུར་རོ། ། སྣ་མའི་ལོ་མ་སྦྱིན་བསྲེག་བྱས་ན་གང་འདོད་པ་དེ་སྨྱོ་བར་བྱེད་དོ།། ཛ་ཏི་ཀ་ལི་ཀ་ན་ན་ལ་ཀཱ་ཛྲ་ཏུ་ཡད་ར་ཛ་ན་མ་བ་ཤི་ཀ་རོ་ཏི་ཨ་དྷི་མུ་ག་ཏ་ཀའི་མེ་ཏོག་སྟོང་རྩ་བརྒྱད་སྦྱིན་བསྲེག་བྱས
155a4 ན་ཡུལ་དབང་དུ་འགྱུར་རོ། ། མར་གྱི་སྦྱིན་བསྲེག་གིས་ཞག་བཞི་པ་མེད་པར་འགྱུར་རོ།། སྣ་མའི་མེ་ཏོག་སྦྲང་རྩི་དང་བསྲེས་པ་སྦྱིན་པ་སྲེག་བྱས་ན་ཉིན་གཅིག་བཞིན་དུ་ཏི་ན་ར་རེ་རེ་རྙེད་པར་འགྱུར་རོ།། དེ་ནས་ཀླུ་བསྒྲུབ་པར་འདོད་པསམ
155a5 ལི་ཀའི་མེ་ཏོག་ཁམ་བྱེ་བ་འབུམ་སྦྱིན་བསྲེག་བྱས་ན་ཀླུ་ཐམས་ཅད་འགྲུབ་པར་འགྱུར་ཏེ་དེ་དག་ཡོད་པ་ཐམས་ཅད་ཀྱིས་ཅི་འདོད་པ་བཞིན་སྒྲུབ་བོ། ། མྱ་ངན་འཚང་གི་མེ་ཏོག་ཁམ་བྱེ་བ་ཁྲི་སྦྱིན་བསྲེག་བྱས་ན་གནོད་སྦྱིན་མོ་ཐམས
155a6 ཅད་འགྲུབ་པར་འགྱུར་ཏེ་ཉིན་གཅིག་བཞིན་གཡོག་ལྔ་བརྒྱའི་གོས་ཟས་འབུལ་ལོ། ། ཅི་སྟེ་གནོད་སྦྱིན་མོ་དབང་དུ་བྱ་བར་འདོད་ན། ཨ་ག་རུའི་ཡམ་སྲེག་ཤིང་འབུམ་སྦྱིན་བསྲེག་བྱས་ནི་གནོད་སྦྱིན་མོ་ཐམས་ཅད་དབང་དུ་འགྱུར
155a7 ཏེ་དེ་དག་ཅི་འདོད་པ་བཞིན་སྒྲུབ་པོ། ། ཅི་སྟེ་ལག་ན་རྡོ་རྗེ་བསྒྲུབ་པར་འདོད་ན་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཞི་འབུམ་བཟླས་བརྗོད་བྱས་ལ་ཐ་མར་ཟླ་བ་ཉ་ལ་ཨུད་པ་ལའི་མེ་ཏོག་ཅི་འབྱོར་པས་མཆོད་པ་བྱས་ཏེ་མཚན་རངས
155a8 བཟླས་བརྗོད་བྱས་ན་ནང་བར་རིམ་ཉི་མ་ཤར་ན་ལག་ན་རྡོ་རྗེ་འོངས་ཏེ། འོངས་ནས་རིག་སྔགས་འཆང་གི་མགོ་ལ་རེག་པར་བྱེད་དེ་རེག་པ་ཙམ་གྱིས་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་རོ།། རིག་སྔགས་འཆང་ཉིད་དམ་གཞན་ཅི
iiif viewer powered by OpenSeadragon
154b - 155b