e-texts navigator
Collection
Volume
Page
Wylie

154b1 བརྗོད་དྲུག་འབུམ་བྱས་ན་བཅོམ་ལྡན་འདས་མ་མངོན་སུམ་དུ་མཐོང་བར་འགྱུར་ཏེ་མཐོང་བ་ཙམ་གྱིས་དེ་བཞིན་གཤེགས་པའི་རྗེས་སུ་སྤྱོད་པར་འགྱུར་རོ། ། ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས
154b2 པ་ཡང་འཐོབ་པོ། ། ཅི་སྟེ་ཞི་བར་བྱེད་པར་འདོད་ན་པད་མ་ཁམ་བྱེ་བ་སྟོང་རྩ་བརྒྱད་ཕུལ་ན་སུའི་ཆེད་དུ་ཕུལ་བ་དེ་ཞི་བར་འགྱུར་རོ།། སྣ་མའི་མེ་ཏོག་སྟོང་རྩ་བརྒྱད་སྦྱིན་བསྲེག་བྱས་ན་དེའི་ནད་ཐམས་ཅད་མེད་པར་འགྱུར་རོ།། བ་རུ་རའི་མེ
154b3 ཏོག་སྟོང་རྩ་བརྒྱད་སྦྱིན་བསྲེག་བྱས་ན་དུས་མ་ཡིན་པར་འཆི་བ་མེད་པར་འགྱུར་རོ། ། དཔལ་གྱིས་ཟིན་པར་འགྱུར་རོ།། ཨ་ཏི་མུག་དཀའ་མ་བྱེ་བ་སྦྱིན་བསྲེག་བྱས་ན་གང་གི་ཆེད་དུ་བྱས་པ་དེ་གདོན་གང་གིས་ཟིན་པར་གྱུར་པ་དེ་ལ་བལྟས་པ
154b4 ཙམ་གྱིས་གཏོང་བར་འགྱུར་རོ། ། ཟླ་བ་སྤང་གིས་ཟིན་པའི་ཚེ་མར་ཟངས་ཀྱི་སྣོད་དུ་བཞག་སྟེ་དུ་བ་འཐུལ་གྱི་བར་དུ་བཟླས་བརྗོད་བྱས་ནས་དེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ།། ཅི་སྟེ་རྨ་བྱ་བ་སྒྲུབ་པར་འདོད་ན་ཆུ་ངོགས་གཉི་ག་ནས
154b5 ས་བླངས་ཏ་ཙན་དན་དང་བསྲེས་ལ་རྨ་བྱའི་གཟུགས་བྱས་ཏེ། དེ་ནས་རྨ་བྱ་དེ་རི་མོའི་གཟུགས་ཀྱི་མདུན་དུ་བཞག་ལ་རྨ་བྱའི་སྒྲ་འབྱིན་གྱི་བར་དུ་བཟླས་བརྗོད་བྱས་ན་དེ་ནས་དངོས་གྲུབ་ཏུ་འགྱུར་རོ།། ཅི་སྟེ་རྫས་བསྒྲུབ་པར་འདོད་ན་ཀ་ར་བི་རིའི
154b6 མེ་ཏོག་འབུམ་ཕུལ་ན་ཉིན་གཅིག་བཞིན་ཏིན་ར་ལྔ་ལྔ་རྙེད་པར་འགྱུར་རོ། ། མིད་པ་ནུབ་ཙམ་གྱི་ཆུར་ཞུགས་ལ་འབུམ་བཟླས་བརྗོད་བྱས་ན་གཏེར་རྙེད་པར་འགྱུར་རོ།། སྣ་མའི་མེ་ཏོག་ཁམ་བྱེ་བ་འབུམ་སྦྱིན་བསྲེག་བྱས་ན་བུད་མེད་གང
154b7 འདོད་པ་དེ་རྙེད་པར་འགྱུར་རོ། ། ཨ་དྷི་མུག་ཏ་གའི་མེ་ཏོག་ཁྲི་ཕུལ་ན་ལུས་ལ་ནད་ཅི་ཡོད་པ་ཐམས་ཅད་བྱབས་པས་མེད་པར་འགྱུར་ཞིང་ཕྱིས་མི་ལྡང་ངོ་།། ཚེ་རང་བར་ཡང་འགྱུར་རོ།། ལུས་ལ་སྐལ་བ་བཟང་པོ་འབྱུང་བར་འགྱུར་རོ།། ལོ་བརྒྱ།
154b8 འཚོ་བར་འགྱུར་རོ།། ཙི་སྟེ་ཕ་རོལ་གྱི་དམག་གཞིག་པར་འདོད་ན་འཛུབ་མོ་ལ་ལན་བདུན་བསྔགས་ཏེ་བསྡིགས་ན་དཔག་འབྲོས་པར་བྱེད་དོ།། ཐབ་པར་འདོད་ན་འུག་པའི་སྒྲ་སྦྱིན་བསྲེག་བྱས་ན་ཆེར་འཐབ་པར་འགྱུར་རོ།། དགྲ་ཕུང་བར་བྱེད་པར་འདོད་ན་སྐེ་ཚེ




iiif viewer powered by OpenSeadragon

154a - 155a

Texts on this page

Q130 - 'phags pa lag na rdo rje dbang bskur ba'i rgyud chen po