e-texts navigator
Collection
Volume
Page
Wylie

154a1 སྦྱིན་པར་བྱེད་དོ། ། དུར་ཁྲོད་ཆེན་པོར་རི་མོའི་སྐུ་གཟུགས་བྲིས་ཏེ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་རོ་ལངས་ཆེན་པོ་མཐོང་བར་འགྱུར་ཏེ་མཆེ་བ་མི་སྡུག་པ་གཙིགས་ལ་མེ་ཕུང་ཆེན་པོ་ལྟར་བྱུང་ན་ཡང་དེ་ལ་འཇིགས་པར་མི་བྱ་བར
154a2 ཕྱག་རྒྱ་བཅིངས་ལ་བསྣུན་ན་དེས་འབྲེལ་བར་འགྱུར་ཏེ། དེ་ལ་དམ་པ་བླངས་ན་རྒྱལ་སྲིད་དམ་གཏེར་རམ་མི་སྣང་བ་འམ་ཡུལ་ལམ་རྐང་པས་རྒྱུབ་ཡང་རུང་སྟེ་དམ་པ་ལྔ་པོ་དག་ལ་གང་ཡང་རུང་བཞིག་སྦྱིན་པར་བྱེད་དོ།། ལན་ཚྭའི་སྦྱིན་བསྲེག་གིས་ནི
154a3 ལྷའི་བུད་མེད་འགུགས་པར་བྱེད་དོ། ། སྣ་མའི་མེ་ཏོག་ཁམ་བྱེ་བ་སྟོང་རྩ་བརྒྱད་སྦྱིན་བསྲེག་བྱས་ན་ཉིན་གཅིག་བཞིན་ཏི་ན་ར་རེ་རེ་རྙེད་པར་བྱེད་དོ།། ཅི་སྟེ་དགྲ་སྲོག་དང་བྲལ་བར་འདོད་ན་ལན་ཚྭའི་བསྲེག་བླུགས་ལན་འབུམ་སྦྱིན་བསྲེག་བྱས་ན
154a4 སྲོག་དང་བྲལ་བར་འགྱུར་རོ། ། ཅི་སྟེ་ནམ་མཁའ་ལྡིང་བསྒྲུབ་པར་འདོད་ན་གྲོག་མཁར་གྱི་ས་ལ་ནམ་མཁའ་ལྡིང་གི་གཟུགས་བྱས་ཏེ། བ་ལས་བྱུང་བའི་སྣ་ལྔས་བསྐུས་ལ་དེ་ནས་ནམ་མཁའ་ལྡིང་གི་གཟུགས་དེ་རི་མོའི་གཟུགས་ཀྱི་མདུན་དུ
154a5 བཞག་ལ་འབུམ་ཕྲག་གཅིག་བཟླས་བརྗོད་བྱས་ན་དེ་ནས་གྲུབ་པར་འགྱུར་ཏེ་དེ་ལ་ཞོན་ནས་གང་དུ་འདོད་པ་དེར་འགྲོའོ། ། དེ་ལ་ཡོ་བྱད་ཐམས་ཅད་ཀྱང་སྒྲུབ་པར་བྱེད་དོ།། འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ།། ཀླུ་ཐམས་ཅད་དེའི་དབང
154a6 དུ་འགྱུར་རོ། ། ཇི་སྟེ་འཁོར་ལོ་བསྒྲུབ་པར་འདོད་ན་ལྕགས་ཨུར་མོའི་འཁོར་ལོ་བྱས་ལ་སྤོས་ཆུས་བཀྲུས་ཏེ་གུར་གུམ་གྱིས་བྱུགས་ལ་དེ་ནས་ཨ་ཤྭད་ཏའི་ལོ་མའི་སྟེང་དུ་བཞག་སྟེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མངོན་པར་བཞག་ལ་སུམ
154a7 འབུམ་བཟླས་བརྗོད་བྱས་ན་དེས་གྲུབ་པར་འགྱུར་ཏེ། དེ་བཟུང་བ་ཙམ་གྱིས་རིག་སྔགས་འཆང་འཁོར་ལོས་སྒྱུར་བར་འགྱུར་ཏེ། རིག་སྔགས་འཆང་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ།། རིག་སྔགས་འཆང་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར
154a8 ཅིང་། ལྔའི་བུ་མོ་བྱེ་བ་ཕྲག་དུ་མས་ཡོངས་སུ་བསྐོར་ནས་ལྷའི་གཞལ་མེད་ཁང་གི་ནང་ནས་ནམ་མཁའ་ལ་འགྲོ་ཞིང་རྟག་ཏུ་མཆོད་པ་བྱེད་པར་འགྱུར་རོ།། ཅི་སྟེ་བཅོམ་ལྡན་འདས་མ་བསྒྲུབ་པར་འདོད་ན་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཟླས




iiif viewer powered by OpenSeadragon

153b - 154b

Texts on this page

Q130 - 'phags pa lag na rdo rje dbang bskur ba'i rgyud chen po