| | e-texts navigator
|
153b1 ཆེས་བཅུ་དྲུག་ནས་བརྩམས་ཏེ། ཏིལ་དང་སྦྲང་རྩི་བསྲེས་པ་སྦྱིན་བསྲེག་བྱས་ན་རཱ་ཛུ་མ་པྲ་ཏིལ་བྷུ་ཏེ་རི་མོའི་གཟུགས་ཀྱི་དྲུང་དུ་བྱེ་བ་ཕྲག་ཅིག་བཟླས་བརྗོད་བྱས་ན་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མཐོང་བར་འགྱུར་ཏེ
153b2 ཆོས་སྟོན་པར་ཡང་བྱེད་དོ། ། དེ་ཐོས་པས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ།། ཙན་དན་དམར་པོ་ལས་རྡོ་རྗེ་བྱས་ལ་དེ་གློར་བཞག་སྟེ་འབར་བའི་བར་དུ་བཟླས་བརྗོད་བྱས་ན་དེ་ལ་རེག་པ་ཙམ་གྱིས་གླིང་བཞིའི་རྒྱལ་པོར་འགྱུར་རོ།། ཤིང་བ
153b3 ཏའི་འབྲས་བུ་སྦྱིན་བསྲེག་བྱས་ན་གང་གི་མིང་ནས་བརྗོད་པ་དེ་དབང་དུ་འགྱུར་རོ། ། རྒྱ་ཤུག་གི་འབྲས་བུ་རྣམས་ཀྱང་དེ་བཞིན་ཏེ་གང་གི་མིང་ནས་བརྗོད་ཅིང་སྦྱིན་བསྲེག་བྱས་པ་དེ་དབང་དུ་འགྱུར་རོ།། ཡང་ནི་ནམ་པའི་འབྲས་བུ་སྦྱིན་བསྲེག
153b4 བྱས་ན་གང་གི་མིང་ནས་བརྗོད་པ་དེ་དབང་དུ་འགྱུར་རོ། ། བ་རུ་རའི་མེ་ཏོག་གི་སྦྱིན་བསྲེག་བྱས་ན་ཡུལ་ཆེན་པོ་རྙེད་པར་འགྱུར་རོ།། མ་ལི་ཀའི་མེ་ཏོག་གི་སྦྱིན་བསྲེག་བྱས་ན་ཟས་ཟད་མི་ཤེས་པར་འགྱུར་རོ།། ཀ་ར་བི་རཱའི་མེ་ཏོག་འབྲུམ
153b5 བུ་འབུམ་ཕྲག་གཅིག་སྦྱིན་བསྲེག་བྱས་ན་ཏིན་ར་འབུམ་རྙེད་པར་འགྱུར་རོ། ། སྣ་མའི་མེ་ཏོག་གི་སྦྱིན་བསྲེག་བྱས་ན་མདུན་ན་འདོན་མཆོག་ཏུ་འགྱུར་རོ།། བླ་མའི་ཁྲ་བ་དང་སྦྲང་རྩི་ལྷན་ཅིག་ཟངས་ཀྱི་སྣོད་ཀྱི་ནང་དུ་བཞག་སྟེ་ཏི་ནར་རྙེད་ཀྱི་བར
153b6 དུ་བཟླས་བརྗོད་བྱའོ། ། གུ་གུལ་གྱི་སྦྱིན་བསྲེག་གིས་ནི་རྒྱན་ཕྲན་ཐོབ་པར་འགྱུར་རོ།། ཤིང་བིལ་བའི་མེ་བུས་ལ་མལ་ལི་ཀའི་མེ་ཏོག་འབུམ་ཕྲག་གཅིག་སྦྱིན་བསྲེག་བྱས་ན་ཀླུ་ཐམས་ཅད་དབང་དུ་འགྱུར་རོ།། བ་རུ་རའི་ཤིང་གི་མེ་བུས།
153b7 ལ་ཨ་ག་རུའི་ཡམ་སྲེག་ཤིང་ཁྲི་སྦྱིན་བསྲེག་བྱས་ན་གནོད་སྦྱིན་ཐམས་ཅད་དབང་དུ་འགྱུར་རོ།། ལྷ་ཆེན་པོའི་གནས་སུ་སོང་སྟེ་བའི་ལྕིབས་ལ་མ་ལྷུང་བས་དཀྱིལ་འཁོར་བྱས་ལ་ཨ་རྐའི་མེ་ཏོག་སྟོང་རྩ་བརྒྱད་ཕུལ་ན། ལྷ་ཆེན་པོ
153b8 མཐོང་བར་འགྱུར་ཏེ་དངོས་གྲུབ་གང་འདོད་པ་སྦྱིན་པར་བྱེད་དོ། ། ལྷ་ཆེན་པོའི་གནས་སུ་རི་མོའི་སྐུ་གཟུགས་བྲིས་ལ་འབུམ་ཕྲག་གཅིག་བཟླས་བརྗོད་བྱས་ན་དཀའ་ཐུབ་ཟློག་གི་ཁྱོ་མཐོང་བར་འགྱུར་ཏེ་དངོས་གྲུབ་གང་འདོད་པ
iiif viewer powered by OpenSeadragon
153a - 154a