| | e-texts navigator
|
153a1 འགྱུར་རོ། ། རྒྱ་མཚོར་འབབ་པའི་ཆུ་ཀླུང་གི་ནང་དུ་ཞུགས་ལ་ལན་འབུམ་བཟླས་བརྗོད་བྱས་ཏེ་ཟས་སུ་ཆུ་འཐུངས་ན། དེ་ནས་ནམ་མཁའ་ལ་རལ་གྲི་ཐོགས་པར་འགྱུར་ཏེ། དེས་མཆོད་ཡོན་ཕུལ་ལ་བླང་བར་བྱའོ།། དེས་བླངས
153a2 པ་ཙམ་གྱིས་སྒྲ་ལུང་ལོར་འཁྱིལ་ཞིང་ལོ་བཅུ་དྲུག་ལོན་པའི་ཤ་ཚུགས་འདྲ་བར་འགྱུར་ལ། ། རིག་སྔགས་འཆང་དུ་མས་བསྐོར་ཅིང་སིལ་སྙན་དང་ཕེག་རྡོབ་པ་མང་པོས་རོལ་མོ་བྱེད་ཅིང་འགྲོ་བར་འགྱུར་རོ།། ཉིན་གཅིག་བཞིན་དུ་སངས
153a3 རྒྱས་ཀྱི་ཞིང་དུ་མ་མཐོང་བར་འགྱུར་རོ། ། ཐམས་ཅད་དུ་ཡང་མཆོད་པ་རྣམ་པ་སྣ་ཚོགས་ཀྱི་སྤྲིན་དག་གྲུབ་པར་བྱེད་དོ།། གང་གི་ཚེ་ཡང་ཤི་བར་གྱུར་པ་དེའི་ཚེ་ཡང་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་རྣམས་སུ་སྐྱེ་བར་འགྱུར་ཞིང་། དེ་བཞིན
153a4 གཤེགས་པ་ཐམས་ཅད་ཀྱི་རིགས་སུ་སྐྱེ་བར་འགྱུར་རོ། ། ཅི་སྟེ་རལ་གྲི་སྒྲུབ་པར་འདོད་ན་དགོན་པར་སོང་ལ་ཆུ་འཐུང་ཞིང་ཟླ་བ་གཅིག་བཟླས་བརྗོད་བྱས་ལ་དེའི་འོག་ཏུ་ཟླ་བ་ཉལ་ཅི་འབྱོར་པས་རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱ
153a5 ཆེར་བྱས་ཏེ། མཚན་རངས་བཟླས་བརྗོད་བྱས་ན་དེ་ནས་རལ་གྲི་འབར་བར་འགྱུར་ཏེ། དེ་བླངས་པ་ཙམ་གྱིས་རིག་སྔགས་འཆང་དུ་འགྱུར་ཏེ་རིག་སྔགས་འཆང་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ།། ལོ་དྲུག་ཁྲིར་འཚོ་བར་འགྱུར་རོ།། དེ་ཡང
153a6 མཆོད་པ་བྱེད་པར་འགྱུར་རོ། ། འདོད་པ་བཞིན་དུ་དགོས་པ་ཐམས་ཅད་བྱེད་དོ།། གང་གི་ཚེ་ཤི་བར་གྱུར་པ་དེའི་ཚེ་ས་དང་པོ་ལ་དབང་བར་འགྱུར་རོ།། ཅི་སྟེ་ཟས་མི་ཟད་པར་འབྱུང་བར་འདོད་ན་སྦོ་མའི་རྩ་བ་བླངས་ལ། སླེ་དྲེས་དང་ལྷན་ཅིག
153a7 སྦྱིན་བསྲེག་བྱས་ན་ཁ་ཟས་མི་ཟད་པར་འགྱུར་རོ། ། མིག་ན་ན་རྒྱ་མཚྭ་བཏགས་པ་ལ་ལན་བདུན་བསྔགས་ཏེ་མིག་བཀབ་ན་མིག་ནད་སོས་པར་འགྱུར་རོ།། ཀ་ལ་བིང་ཀའི་རྩ་བ་སྲོག་ཆགས་མེད་པའི་ཆུ་དང་བཏགས་ལ་ལྟེ་བའི་ཕྱོགས་སུ
153a8 སྐུས་ན་བུད་མེད་བདེ་བར་བུ་བཙའ་བར་འགྱུར་རོ། ། ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་བ་སེར་སྐྱའི་མར་ཟངས་ཀྱི་སྣོད་དུ་བཅུག་སྟེ་ཅི་རི་རི་ཟེར་གྱི་བར་དུ་བཟླས་བརྗོད་བྱས་ལ་དེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ།། ཉེ་བའི་གསོ་སྦྱོང་བྱས་པས
iiif viewer powered by OpenSeadragon
152b - 153b