e-texts navigator
Collection
Volume
Page
Wylie

152b1 སྣོད་དུ་བཞག་སྟེ། རི་མེའི་སྐུ་གཟུགས་ལ་མཆོད་པ་བྱས་ན་ཤེལ་བཞིན་དུ་འབར་བར་གྱུར་གྱི་བར་དུ་མཚན་རང་བ་བརྗོད་པར་བྱའོ།། དེ་ནས་གྲུབ་པར་འགྱུར་ཏི་དེས་ཐིག་ལེ་བྱས་ན་ལུས་མི་སྣང་བར་འཐུང་ཏེ། ལོ་ལྔ་སྟོང་ཐུབ་པར་འགྱུར་རོ།། ཅི་སྟེ་མིག
152b2 སྨན་བསྒྲུབ་པར་འདོད་ན་སྣ་མའི་མེ་ཏོག་དང་ལིག་བུ་མིག་བླངས་ཏེ། ཞིབ་མོར་བྱས་ལ་དེ་ནས་སྔ་མ་བཞིན་དུ་ཟངས་ཀྱི་སྣོད་དུ་བཞག་སྟེ། མཆོད་པ་བྱས་ནས་ཟླ་བ་གཅིག་གི་པར་དུ་བཟླས་བརྗོད་བྱའོ།། དེ་ནས་དེ་སྔོན་དུ་གྱུར་ནས་དེས་མིག་བསྐུས་ན
152b3 ཕྱོགས་གང་དུ་བལྟས་པ་དེ་དག་ཐམས་ཅད་དབང་དུ་འགྱུར་རོ། ། ཅི་སྟེ་དེས་མིག་བསྐུས་ན་རྒྱལ་པོ་དང་བློན་པོ་དང་རྒྱལ་པོའི་བཙུན་མོ་དམ་པ་དང་རྒྱལ་པོའི་བུ་མོ་དང་གཞན་ཡང་གང་སུ་ལ་བསྟན་པ་དེ་ཐམས་ཅད་དབང་དུ་འགྱུར་རོ།། དེ་ནས་མིག་སྨན
152b4 གྱི་མཆོག་བསྒྲུབ་པར་འདོད་ན། མར་གྱི་ངོ་ཞག་བརྒྱད་ལ་མི་རོ་རྨ་མེད་བླངས་ཏེ། ཙན་དན་དམར་པོ་དང་ལྡན་པའི་ལྷ་བཤོས་ཐུལ་ལ། དེ་ནས་མི་རོའི་ལག་ཏུ་མིག་སྨན་གཞག་ལ་བཟླས་བརྗོད་བྱ་སྟེ། བཟླས་བརྗོད་བྱས་པ་དང་མི་རོའི་ལག་ན་མིག
152b5 སྨན་འདུག་པ་དེ་འགུལ་བར་འགྱུར་རོ། ། དེ་ནས་གྲུབ་པར་འགྱུར་ཏེ་དེས་མིག་སྨན་བསྐུས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ།། སྣ་མའི་མེ་ཏོག་བརྒྱད་སྟོང་གིས་སྦྱིན་བསྲེག་བྱས་ན་ལས་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་འགྱུར་རོ།། རྒྱ་མཚོར
152b6 འབབ་པའི་ཆུ་ཀླུང་གི་ནང་དུ་ཞུགས་ཏེ་མར་གྱི་ངོ་ཞག་བརྒྱད་ལ་བརྩམས་ནས། བསོད་སྙོམས་ཀྱི་ཟས་ཟ་ཞིང་ལན་འབུམ་བཟླས་བརྗོད་བྱས་ན་ཡང་ཡུལ་སྦྱིན་པར་འགྱུར་རོ།། ཡར་གྱི་ངོ་ཚོས་བརྒྱད་ལ་བསོད་སྙོམས་ཀྱི་ཟས་ཟ་ཞིང་རི་མོར་སྐུ་ག་ཟམ
152b7 ཀྱི་མདུན་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་ཕ་རོལ་གྱི་དམག་ཚེགས་རབ་ཏུ་ཞི་བར་འགྱུར་རོ། ། དེ་ནས་ཟས་འོ་མ་འཐུང་ཞིང་ལན་འབུམ་བཟླས་བརྗོད་བྱས་ན་ཕ་རོལ་གྱི་དམག་དབྱེ་བར་འགྱུར་རོ།། མར་གྱི་ངོ་ཞག་བརྒྱད་ལ་ཞག་གཅིག
152b8 བསྙུང་བ་བྱས་ཏེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་མཆོད་པ་རྒྱས་པར་བྱས་ལ་མཚན་རངས་བཟླས་བརྗོད་བྱས་ན་དེ་ནས་རི་མོའི་སྐུ་གཟུགས་ལ་འོད་ཟེར་འབྱུང་བར་འགྱུར་རོ།། དེ་ནས་འགྲུབ་པར་འགྱུར་ཏེ་རཱ་ཛྱ་མ་ད་དཱ་ཏི་ལོ་ལྔ་བརྒྱ་ཐུབ་པར




iiif viewer powered by OpenSeadragon

152a - 153a

Texts on this page

Q130 - 'phags pa lag na rdo rje dbang bskur ba'i rgyud chen po