| | e-texts navigator
|
152a1 འབྱོར་བས་ལྷ་བཤོས་དབུལ་ཞིང་མཆོད་པ་བྱས་ཏེ་བཅོམ་ལྡན་འདས་མ་ལ་བཟླས་བརྗོད་བྱའོ། ། དེ་ནས་ནམ་བྱེད་ན་བཅོམ་ལྡན་འདས་མ་ཉིད་འོང་བར་འགྱུར་ཏེ། དེ་ལ་མེ་ཏོག་དཀར་པོ་དག་གིས་མཆོད་ཡོན་དབྲལ་ལོ།། དེ་ནས
152a2 བཅོམ་ལྡན་འདས་མ་བསྒྲུབ་པ་པོའི་སྤྱི་བོར་བླུགས་ནས་བུ་ལེགས་སོ། ། ཁྱོད་ལ་མཆོག་ཅི་ཞིག་སྦྱིན་པར་བྱ་ཞེས་དེ་ཉིད་ཟེར་བ་དང་ཅི་འདོད་པ་དེ་བླང་བར་བྱ་སྟེ། འདོད་འདོང་ས་རིག་སྔགས་འཆང་ཉིད་དམ་ལུས་མི་སྣང་བ་འམ་སའི་འོག་ཏུ་འགྲོ་བ
152a3 འམ་གཞན་ཡང་ཡིད་ལ་གང་འདོད་པ་ཅི་ཡང་རུང་བ་དེ་ཐམས་ཅད་བླང་བར་བྱའོ། ། ཅི་སྟེ་དད་པ་བསྒྲུབ་པར་འདོད་ན་ལ་ཁྲི་ལས་དང་པའི་གཟུགས་བྱས་ཏེ། རི་མའི་སྐུ་གཟུགས་མདུན་དྲ་བཞག་ལ་ཀུན་དའི་མེ་ཏོག་གིས་མཆོད་པ་རྒྱས་པ
152a4 བྱས་ནས་མཚན་རངས་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་ན་ནང་པར་རམ་ཉི་མ་འཆར་ཀར་གྲུབ་པར་འགྱུར་ཏེ། དེ་ལ་ཞོན་ན་ནམ་མཁའ་ལ་འཕགས་པ་དང་ཚངས་པ་གཉིས་པར་འགྱུར་རོ།། ཅི་སྟེ་རྨ་བྱ་བསྒྲུབ་པར་འདོད་ན་འཇིམ་པ
152a5 ལ་རྨ་བྱའི་གཟུགས་བྱས་ཏེ། རི་མོའི་སྐུ་གཟུགས་ཀྱི་མདུན་དུ་བཞག་ལ་ཟླ་བ་དྲུག་དུ་བཅོམ་ལྡན་འདས་མ་བཟླས་བརྗོད་བྱས་པའི་མཇུག་ཏུ་ཟླ་བ་ཉ་ལ་ཅི་འབྱོར་པས་མཆོད་པ་བྱས་ཏེ། མཚན་རངས་བཟླས་བརྗོད་བྱས་ན་ཉི་མ་འཆར་ཀར
152a6 མཐའི་སྐད་འབྱིན་པར་འགྱུར་ཏེ་སྐད་ཕྱུང་མ་ཐག་ཏུ་སྔགས་པས་བླང་བར་བྱའོ། ། དེ་བླངས་པ་ཙམ་གྱིས་སྔགས་པ་སྤྲིན་དྲུག་གི་བུ་དང་འདྲ་བར་འགྱུར་རོ།། ཆོ་ག་དེ་བཞིན་དུས་སྲུངས་ཀྱི་བུ་བསྒྲུབས་ན་བརྒྱ་བྱིན་དང་འདྲ་བར་འགྱུར་རོ།། ལུས་མི
152a7 སྣང་བ་བསྒྲུབ་པར་འདོད་ན་མིའི་ཐོད་པ་བླངས་ལ་ཤིང་མདར་དང་ལྷན་ཅིག་ཏུ་ཞིབ་མོར་བཏགས་ཏེ། ཐ་མར་ཡར་གྱི་ངོའི་ཚེས་བརྒྱད་ལ་ཨརྐའི་ཤིང་གི་མེ་བུས་ལ་རི་མོའི་སྐུ་གཟུགས་ལ་མཆོད་པ་རྒྱས་པར་ཕུལ་ནས་མཚན་རངས་སྦྱིན
152a8 བསྲེག་བྱས་ཏེ། ནང་པར་དེའི་ཐལ་པས་སོར་མོའི་སུམ་རིས་བྱས་ན་ལུས་མི་སྣང་བར་འགྱུར་ཏེ་ལུས་མི་སྣང་བར་ཐམས་ཅད་ཀྱི་རྒྱལ་པོར་འགྱུར་རོ།། སྦྱོར་བ་གཞན་ཡང་འབྱུང་སྟེ། ལི་ཁྲི་མར་དང་ལྷན་ཅིག་ཏུ་བསྲེགས་ལ། དེ་ནས་ཟངས་ཀྱི
iiif viewer powered by OpenSeadragon
151b - 152b