e-texts navigator
Collection
Volume
Page
Wylie

150b1 ཆེན་པོ་པ་འགཅིང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ལ་ལྕང་ལོ་ཅན་འཕྱང་བར་བྱ། ། གཡས་ལོགས་སུ་རྡོ་རྗེ་མི་ཕམ་པའི་མེ་པད་མ་དཀར་པོ་ལ་འདུག་ཅིང་རྒྱན་རྣམ་པ་སྣ་ཚོགས་ཀྱིས་ལུས་བརྒྱན་ལ།། ལག་པ་གཡོན་པ་ན་འཁོང་ལ
150b2 ཐོགས་པ། གཡས་པ་བཅོམ་ལྡན་འདས་མལ་ཕྱག་འཚལ་བར་བྱ། སྟེང་ག་ཕྱོགས་སུ་ཡང་རིག་སྔགས་འཆང་གཉིས་མེ་ཏོག་གི་ཆར་འབེབས་པ་བྲི། འོག་ལོགས་སུ་བསྒྲུབ་པ་པོའམ་ལག་ན་པོག་པོར་ཐོགས་པ། བཅོམ་ལྡན་འདས
150b3 མལ་ལྟ་ཞིང་ཡལ་ག་མ་ཏོག་ཅན་ཐོགས་པ་དཀྱིལ་མོ་དཀྲུང་གིས་འདུག་པར་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཕྱོགས་གཙང་མའམ་དབེན་པའམ་རིའམ་ནགས
150b4 ཚལ་ལམ་གཙུག་ལག་ཁང་ངམ་གང་ཡིད་དང་འཐད་པ་དེར་འདུག་ལ། སློངས་མོའི་ཟས་ཟ་ཞིང་ནང་གི་གཙང་སྦྲ་སྤྱོད་པས་རི་མོའི་སྐུ་གཟུགས་དེའི་མདུན་དུ་གཟུངས་སྔགས་གང་ཡང་རུང་བ་གཅིག་གཟུང་སྟེ། བཞི་འབུམ་བཟླས
150b5 བརྗོད་བྱས་ལ། ཐ་མར་ཟླ་བ་ཉལ་ཅི་འབྱོར་པས་མཆོད་པ་བྱས་སྟེ། མཚན་རངས་བཟླས་བརྗོད་བྱས་ན་ནང་བར་རམ་ཉི་མ་འཆར་ཀར་མཚན་མ་འབྱུང་སྟེ། སྔགས་པའི་ལུས་ལ་འོད་ཟེར་སྣང་བ་འབྱུང་ཞིང་སྐུ་གཟུགས་ལ་མེ་ཏོག
150b6 གཆར་འབབ་པར་འགྱུར། རིག་སྔགས་འཆང་རྣམས་ཅ་ཅོའི་སྒྲ་འདོན་པར་འགྱུར། འབྲུག་སྒྲ་གྲག་པར་འགྱུར།། བཅོམ་ལྡན་འདས་མ་ཡང་བུ་དགྲུབ་ཟིན་གྱིས་ལོངས་ཤེས་ཚིག་བརྗོད་པར་འགྱུར་རོ།། དེ་ནས་རིག་སྔགས་འཆད
150b7 གིས་མཆོད་ཡོན་ཕུལ་ནས། བཅོམ་ལྡན་འདས་མ་འདི་སྐད་དུ་བདག་གི་བསམ་པ་རྫོགས་པར་མཛོད་ཅིག་ཅེས་སྨྲོས་ཤིག། འོན་ཀྱང་བཅོམ་ལྡན་འདས་མས་རིག་སྔགས་འཆང་གི་ལག་པ་ནས་བཟུང་ནས། དེ་བཞིན་གཤེགས
150b8 པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འཇོག་སྟེ། བཅོམ་ལྡན་འདས་མའི་མཐུས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་སྒྲུབ་པར་བྱེད་ཅིང་། སེམས་ཅན་གྱི་ཁམས་ཐམས་ཅད




iiif viewer powered by OpenSeadragon

150a - 151a

Texts on this page

Q130 - 'phags pa lag na rdo rje dbang bskur ba'i rgyud chen po