e-texts navigator
Collection
Volume
Page
Wylie

150a1 ལུང་བསྟན་པར་བྱའོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་གང་བསྒྲུབས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ
150a2 གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བར་འགྱུར་བ་དང་། གཟུངས་སྔགས་གང་བསྒྲུབས་ན་སྔགས་པས་ཚེ་འདི་ཉིད་ལ་ཡིད་ལ་ཅི་འདོད་པའི་དངོས
150a3 གྲུབ་ཐོབ་པར་འགྱུར་བའི་གཟུངས་སྔགས་དེ་དག་གི་དངོས་གྲུབ་བསྒྲུབ་པའི་རིམ་པ་ཕྱེ་བ་རྒྱས་པར་ཤོད་ཅིག། དེ་སྐད་ཅེས་སྨྲས་པ་དང་བྱང་ཆུབ་སེམས་དཔའ་ལག་ནི་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས
150a4 སོ། ། འཇམ་དཔལ་གཟུངས་སྔགས་འདི་དག་བསྒྲུབ་པ་སངས་རྒྱས་རྣམས་ཀྱིས་ཇི་སྐད་གསུངས་པ་བཤད་ཀྱིས་ཉོན་ཅིག།། ཆོ་གྲངས་དང་རྒྱུ་སྐར་དང་ཡང་སྦྱར་མི་དགོས།། སྨྱུང་པ་ཡང་བྱ་མི་དགོས་བགགས་ཀྱང་འབྱུང་བར་མི་འགྱུར
150a5 གཟུངས་སྔགས་བསྒྲུབ་པའི་ཚེ་ཡང་རྟག་ཏུ་སངས་རྒྱས་རྫུ་འཕྲུལ་ཆེན་པོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། ། འཇམ་དཔལ་ཐོག་མ་ར་རེ་ཤིག་གཟུངས་སྔགས་འདི་དག་གི་རི་མོའི་སྐུ་གཟུགས་ཀྱི་ཆོ་ག་འབྱུང་སྟེ།
150a6 ཁ་ཐབས་བཞིན་དུ་རེས་ཉོས་ལ་སྐྲ་ལ་སོགས་མེད་པར་བྱའོ།། དེ་ནས་པ་ལས་བྱུང་བའི་སྣ་ལྔས་བཀྲུས་ལ་སྤོས་ཆུས་བསྐུའོ།། དེ་ནས་ཚེས་གྲངས་དང་ཞག་ཕྱེད་པ་དང་ཡུད་ཙམ་བཟང་པོ་ལ་རི་མོ་བྲི་སྟེ་རི་མོ་མཁན་གསོ་སློང་དང
150a7 ལྡན་པ་འདྲིར་གཞུག་གོ། ། རི་མོ་མཁྱེན་དེ་ཡང་འཁོར་ལོས་སྒྱུར་རབས་བསྲུང་བར་བྱའོ།། ཉིན་གཅིག་བཞིན་དུ་ལྟ་བཤོས་དང་མཆོད་པ་ཡང་དབུལ་བར་བྱའོ།། དེ་ནས་རིམ་མཁན་གྱི་དབུས་སུ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི
150a8 རོལ་ཏུ་ཕྱིན་པ་བྲི་བར་བྱ་སྟེ། དཀྱིལ་མོ་དཀྲུང་དུ་འདུག་ལ་ཐ~ཾད་ཚུགས་ཅན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པར་བྱ།། བཅོམ་ལྡན་འདས་མའི་གཡོན་རོལ་དུ་སོ་སོར་འབྲང་མ་ཆེན་མོ་བྲི་བར་བྱ་སྟེ། ཨུད་པ་ལའི་རྒྱལ་པོ




iiif viewer powered by OpenSeadragon

149b - 150b

Texts on this page

Q130 - 'phags pa lag na rdo rje dbang bskur ba'i rgyud chen po