e-texts navigator
Collection
Volume
Page
Wylie

149b1 ཡིན་པའི་ཕྱིར་རོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སེམས་ཅན་དེ་ལ་ཡ་མཚན་དུ་འཛིན་པར་གྱུར་ཏེ། སངས་རྒྱས་ཀྱི་ཡུལ་འདི་ནི་བསམ་གྱིས་མི་ཁྱབ་པོ་སྙམ་ནས་ཅང་མི་ཟེར་བར་འགྱུར་ཏོ།། དེ་ནས་འཇམ་དཔལ་གཞོན་ནུར
149b2 གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། ། བྱང་ཆུབ་སེམས་དཔའ་ཆེན་པོ་གཟུངས་སྔགས་འདི་དག་ཉན་པ་དང་དཀྱིལ་འཁོར་དུ་ལུག་པ་དང་ཀློག་པ་དང་དྲན་བཔར་བྱེད་པ་དང་། ཆུང་ངུན་རྣལམ་དུ་གྲག་པ་ཙམ་དུ
149b3 གྱུར་པ་དེ་ཡང་ཤིན་དུ་དཀའ་བ་ཡིན་ནོ། ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ། འཇམ་དཔལ་གང་དག་གཟུངས་སྔགས་འདི་ལ་མཆོད་པ་བྱེད་པ་དང་ཡི་གེར་འབྲི་བའི་སེམས་ཅན་དེ་དག
149b4 ནི་ཤིན་དུ་དཀོན་པར་རིག་པར་བྱའོ། ། སུ་གྲོ་ག་འམ་གཞན་ལ་བྲིས་ནས་ཡན་ལག་དང་ཉིང་ལག་གར་ཡང་རུང་བ་ལ་འཆད་ན་དེ་ལ་འཇིགས་པ་ཐམས་ཅད་མི་འབྱུང་ཞིང་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། དེའི་དགེ་བ
149b5 རྩ་བ་ཉིན་གཅིག་བཞིན་དུ་སངས་རྒྱས་སྟོང་ལས་བསགས་པར་འགྱུར་རོ། ། འཇམ་དཔལ་ཕྱོགས་གང་ན་གཟུངས་སྔགས་ཆེན་པོའི་དཀྱིལ་འཁོར་བསྟན་པ་འདི་གནས་པ་འམ།། གང་གི་ལག་ན་ཡོད་པའི་ས་ཕྱོགས་དེ་ནི་མཆོད་རྟེན
149b6 ལྟ་བུར་འགྱུར་རོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་གཟུངས་སྔགས་འདི་དག་འཆང་བ་དང་ཀློག་པ་དང་ཁ་ཏོན་བྱེད་པ་གང
149b7 ཡིན་པ་དེ་ལ་ནི། ཁོ་བོས་མཆོད་པ་དང་བསྙེན་བཀུར་བྱའོ།། དེའི་ཕྱི་བཞིན་དུ་ཡང་རྟག་ཏུ་འབྲང་བར་བྱའོ།། གང་གི་ཚེའི་རེ་བའི་དུས་བྱེད་པ་དེའི་ཚེ་ཡང་ཁོ་བོས་དེའི་དགེ་བའི་བཤེས་གཉེན་བྱ་སྟེ་རྟག་ཏུ་བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན
149b8 པར་བྱའོ། ། འཇམ་དཔལ་ལེགས་སོ་ལེགས་སོ།། ཚིག་འདི་ལེགས་པར་སྨྲས་སོ།། འཇམ་དཔལ་ཁོ་བོས་ཀྱང་དེ་ལ་མཆོད་པ་བྱའོ།། རྟག་ཏུ་དེའི་ཕྱི་བཞིན་དུ་ཡང་འབྲང་བར་བྱའོ།། རྟག་ཏུ་བསྲུང་བར་ཡང་བྱའོ།། འཆི་བའི་ཚེ་ཡང་དེ་ལ།




iiif viewer powered by OpenSeadragon

149a - 150a

Texts on this page

Q130 - 'phags pa lag na rdo rje dbang bskur ba'i rgyud chen po