| | e-texts navigator
|
149a1 སརྦ་མུ་ཁེ་བྷྱཿསརྦ་ཨཱ་གཙྪ་པུ་ནི་ཏི། བ་རི་པཱུ་ར་ན། ས་མི་ས་མི། མ་ག་ལི་མ་ག་ལི་ཧཱུཾ་ཕཊ། དེ་ཉིད་ཀྱི་གུད་མོ་སྔ་མ་བཞིན་དུ་བཞག་ན་དཀྱིལ་འཁོར་དུ་གཟུངས་སྔགས་རྣམས་བྱིན་གྱིས་བརླབས་པར་འགྱུར་རོ།། བྱང་ཆུབ་སེམས
149a2 དཔའ་རྣམས་ཀྱི་ཕྱག་རྒྱ་ནི། ལག་པ་གཉིས་ཁུ་ཚུར་བཅངས་ལ་འཛུབ་མོ་གཉིས་བཀུག་ན་ཐམས་ཅད་དྲངས་པར་འགྱུར་རོ།། དེའི་གསང་སྔགས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦརྦྦ་ཏ་ཐཱ་ག་ཏ་བོ་དྷི་སཏྭ། མ་དྷ་རི། ཨཱ་ག་ད་ཙ་ཨཱ
149a3 གད་ཚ། ས་ནིད་དྷ། ཀུ་རུ་ཀུ་རུ། ཧཱ་ཧཱ། ཕཊ་ཕཊ། དེ་ནས་མཆོད་པ་མཆོག་འབྱུང་བའི་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་སྦྱར་ནས་འཛུབ་མོ་གཉིས་བཀྱེད་པ་ནི་མཆོད་པ་འབྱུང་བའི་ཕྱག་རྒྱ་སྟེ། འདི་མཚོ་དཔེའ་མཆོག་བྱིན་གྱིས་བརླབ
149a4 པར་བྱའོ། ། གསང་སྔགས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿསརྦ་ཐཱ། མ་ཧཱ་པཱུ་ཛ། པྲ་བརྟ་ནི། ཧཱ་ཕཊ། པྲ་བརྟ་ཡ་པྲ་བཾརྟ་ཡ། སརྦ་ཏ་ཐཱ་ག་ཏ། ས་མ་ཡེ་སྭཱ་ཧཱ། བཇམ་དཔལ་དེ་ནས་སློབ་དཔོན་གྱི་ས་ག་ཆོ་ག་སྔ་མ་བཞིན་དུ་སློབ་མ
149a5 ཡོངས་སུ་བཟུང་བར་བྱ་སྟེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་གྲུབ་པ་ལ་དཀྱིལ་འཁོར་འདི་དང་ཕྱག་རྒྱ་བསྟན་པར་བྱའོ།། དེ་མ་ཡིན་པ་ལ་ནི་གླེགས་བམ་ཡང་ལྟར་གཞུག་པར་མི་བྱའོ།། འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ
149a6 གསང་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དམ་ཚིག་མི་ཤེས་པའི་སེམས་ཅན་ལ་དཀྱིལ་འཁོར་བསྟན་ཏམ་ཕྱག་རྒྱ་བསྟན་ན། དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསླུས་པར་འགྱུར་རོ།། མཚམས་མེད
149a7 པ་ལྔ་ཡང་བྱས་པར་འགྱུར་རོ། ། འཇམ་དཔལ་བྱང་ཆུབ་སེམས་དཔས་མཚམས་མེད་པ་ལྔ་བྱས་པ་ནི་སླའི། དམ་ཚིག་མི་ཤེས་པ་དང་ལུས་ཡོངས་སུ་མ་སྦྱངས་པ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་མ་གྲུབ་པ་ལ་སྟོན་པ་ནི་དེ་ལྟ
149a8 མ་ཡིན་ཏེ། ། འཇམ་དཔལ་སེམས་ཅན་དེ་དག་གི་མདུན་དུ་ནི་ནམ་ཡང་ཚིག་ཏུ་བརྗོད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་སྡིག་ཅན་དེ་དག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དྲིན་དུ་མི་གཟོ་བ་དང་། དད་པ་མེད་པ
iiif viewer powered by OpenSeadragon
148b - 149b