| | e-texts navigator
|
146a1 ན་གནས་པ་དེ་ཉོན་མོངས་པ་དང་བྲལ་བར་འགྱུར་རོ། ། འཇིགས་པ་དང་དགྲ་དང་བྲལ་བར་འགྱུར་རོ།། གལ་ཏེ་ཆོམ་རྐུན་གྱི་ནང་ན་འདུག་ག་པ། སྲིན་པོའི་ནང་ན་འདུག་གམ། དགྲའི་ནང་ན་འདུག་གམ། འཐབ་པའི་ནང་ན་འདུག་ཀྱང་རུང་།
146a2 སྟེ། དེའི་ལུས་ལ་མཚོན་གྱིས་མི་ཚུགས་པར་འགྱུར་རོ།། ཆོམ་རྐུན་གྱིས་འཇིགས་པར་མི་འགྱུར།། སྲིན་པོ་ལ་སོགས་པས་གཙེ་བར་མི་འགྱུར་རོ།། དེ་ལ་དུས་མ་ཡིན་པར་འཆི་བའི་འཇིགས་པ་མི་འབྱུང་།། རྟག་ཏུ་དཔལ་དང་ལྡན་པར
146a3 འགྲུར། སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར།། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་དགེ་བའི་རྩ་བ་བསགས་པ་ཡང་དེ་ལ་ཉིན་གཅིག་བཞིན་མངོན་དུ་འགྱུར།། འཆི་བའི་ཚེན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས
146a4 ཀྱིས་ཡོངས་སུ་གཟིགས་པར་འགྱུར། ཤི་ནས་ཀྱང་བདེ་བ་ཅན་དུ་སྐྱེ་བར་འགྱུར་ན། གང་དུ་འཛིན་པ་དང་ཀློག་པ་དང་ཡིད་ལ་བྱེད་པ་དང་མིང་ཙམ་ཡང་འཛིན་པ་ལ་ཅི་སྨོས་ཏེ།། དེའི་སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར་རོ།། དེས་ངན་སོང་གི
146a5 སྒོ་རྣམས་བཅད་པར་འགྱུར། དེས་ངན་སོང་དང་ངན་འགྲོ་རྣམས་རྒྱད་རིང་དུ་འགྱུར་རོ།། གང་ཞིག་ནང་བར་ལངས་ནས་སུ།། ལན་ཅིག་ཀློག་པར་བྱེད་པའི་མི། སྲིད་པ་ཉམ་དང་བྱས་པ་ཡི།། སྡིག་ལས་གྲོལ་བར་དེ་འགྱུར་རོ།། འཕགས་པ་ལག
146a6 ནརྡོ་རྗེ་དབང་བསྐུར་བབམ་པོ་བཅུ་གཉིས་པ་སྟེ་ཐ་མ། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པས།། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། གསང་བ་བའི
146a7 བདག་པོ་སུ་དཀྱིལ་འཁོར་གྱི་རྒྱལ་པོ་འདི་བྲིས་ནས་དེར་ཞུགས་པར་གྱུར་ན་དེའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་འགྱུར། ལག་ན་རྡོ་རྗེས་སྤྲས་པ། འཇམ་དཔལ་ཁོ་བོས་ནི་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་བསྟན་པར་མི་ནུས་མོད་ཀྱི།།
146a8 འོན་ཀྱང་འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཀྱི་ཕུང་པོ་ནི་སའི་རྡུལ་སྙེད་དུ་རིག་པར་བྱའོ།། འཇམ་དཔལ་མ་འོངས་པའི་དུས་ན་སེམས་ཅན་སྡིག་ཅན་གང་ཚུལ་འདི་ལ་ཡིད་མི་ཆེས་པ་དག་ཡོད་དེ། འཇམ་དཔལ
iiif viewer powered by OpenSeadragon
145b - 146b