e-texts navigator
Collection
Volume
Page
Wylie

144b1 ཆེས་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་གཟུངས་སྔགས་འདི་དག་ནི་མིང་དུ་གྱུར་པའི་དཀྱིལ་འཁོར་བརྗོད་པར་བྱའོ། ། འཇམ་དཔལ་དེ་ལ་དཀྱིལ་འཁོར་གྱི་ཚད་ལ། ཚད་ནི་ཁྲུ་བརྒྱ་ཐམ་པ་སྟེ།། སློབ་དཔོན་ཉིད་ཀྱི་ཁྲུ་ཡིས་བྱ།། ཡེ་ཤེས
144b2 འབྱུང་བའི་དཀྱིལ་འཁོར་དེར། ། ཆ་ནི་རྣམ་པ་གསུམ་དུ་བྱ།། བློ་དང་ལྡན་པས་ཆ་གསུམ་དུ།། དེར་ནི་སྒོ་ཁྱུད་རྣམས་བྱས་ཏེ།། དེར་ནི་སྒོ་ཡང་བཞིག་དོང་ངོ་།། གྲུ་བཞི་ལྷམ་པ་ཁ་ཁྱེར་བཅས།། སྔོན་གྱི་བཞིན་དུ་ཆ་གསུམ་ལ།། ཆ་ནི་རྣམ་པ་བརྒྱད
144b3 བརྒྱད་པ། ། མཁས་པས་ཆ་བརྒྱད་བྱས་ནས་སུ།། དབུས་ཀྱི་ཆར་ནི་འཇུག་པར་བྱ།། ཆོས་རྣམས་ཐམས་ཅད་མ་སྐྱེས་པར།། ཐང་ཅིག་ཐང་ཅིག་བསམ་བྱས་ལ།། ཕུན་སུམ་ཚོགས་པ་ཀུན་བྱེད་པ།། དཀྱིལ་འཁོར་རྒྱལ་པོ་བྲི་བར་བྱ།།
144b4 སྔགས་པས་དེ་ཡི་དབུས་སུ་ནི།། པད་མ་མཆོག་ཏུ་མཛེས་པར་བྲི།། ཀུན་ཀྱང་མ་རྒད་འདྲ་བ་སྟེ།། འདབ་མ་བརྒྱད་པ་བརྗོད་པ་ཡིན།། དེ་ཡི་སྟེང་དུ་བུམ་པ་སྟེ།། བུམ་པའི་སྟེང་དུ་ཨུད་པ་ལ།། ཨུད་པ་ལ་སྟེང་དུ་དུང་བྲི་སྟེ།། མེ་ལྕེ་ཕྲེང་བུ།
144b5 འཁྲིགས་པས་མཛེས།། ཤེས་རབ་ཕ་རོལ་ཕྱིན་དེ་ནི།། ཡེ་ཤེས་ཆེན་པོར་དབང་བསྐུར་ལྡན།། ཆ་བརྒྱད་གང་དག་བརྗོད་པར་ཡང་།། དབུས་ཀྱི་ཆ་ལས་བྱུང་བ་སྟེ།། གཟུངས་ཀྱི་ཚུལ་དུ་བྲི་བ་ཡང་།། ཆོ་ག་རིམ་བཞིན་མཐུན་པར་བྱ།། དེ་ལ
144b6 ཤར་ཕྱོགས་སུ་ནི་བཅོམ་ལྡན་འདས་མ་སོ་སོར་འབྲང་བ་ཆེན་མོ་དབང་ཆེན་པོའི་དཀྱིལ་འཁོར་ན་གནས་པ་ཨུད་པ་ལའི་ཕྱག་རྒྱར་བྲི་བར་བྱ་སྟེ། མཐའ་རྣམས་སུ་ཨུད་པ་ལ་བཀྲམ་ཞིང་མེ་ལྕེ་འབར་བའི་དཀྱིལ་འཁོར་གྱི་དབུས་སུ
144b7 གནས་པར་བྱའོ། ། བཅོམ་ལྡན་འདས་མ་སོ་སོར་འབྲང་བ་ཆེན་མོའི་གཟུངས་སྔགས་ནི་འདི་ཡིན་ཏེ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་མུ་ཁེ་བྷྱཿསརྦ་ཐཱ་རཱ་ཨོཾ་བྷ་ག་བ་ཏི། སརྦ་ཏ་ཐཱ་ག་ཏི་ཛ་ནི་ཀེ། སུ་ར་ཡ་པྲ་ཏིད་ཛྙཱ་ན། ཏ་ཏ་ཊ་ཊ། མརྡ་མཧཱ།
144b8 ཨཱ་ཧ་ར་ཨཱ་ཧ་ར། ཧཱུཾ་ཧཱུཾ་ཛ་ཧི་ཛ་ཧི་སྭཱ་ཧཱ།། དབང་ལྡན་གྱི་ཕྱོགས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་མི་ཕམ་མ་ཞེས་བྱ་བའི་གཟུངས་བྲི་བར་བྱ་སྟེ། ཆུ་ཡི་དཀྱིལ་འཁོར་དབུས་སུ་ནི།། པད་མ་ཤིན་དུ་མཛེས་པ་བྲི།། དེ་ཡི་སྟེང་དུ་འཁོར་ལོ་སྟེ།




iiif viewer powered by OpenSeadragon

144a - 145a

Texts on this page

Q130 - 'phags pa lag na rdo rje dbang bskur ba'i rgyud chen po