| | e-texts navigator
|
144a1 དཔལ་ཁྱོད་འདི་ལྟ་བུའི་གཟུངས་སྔགས་ཆེན་པོའི་གསང་སྔགས་ཀྱི་གཞི་རྣམས་ཡིད་ལ་བྱེད་པ་ནི་ཤིན་དུ་དཀའ་བ་བྱེད་པའོ། ། འཇམ་དཔལ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་གང་དག་ཡེ་ཤེས་ཆེན་པོ་འདི་ལྟ་བུ་དག།
144a2 ཡིད་ལ་བྱེད་པ་དང་། འཛིན་པ་དང་བསྒྲུབ་པ་དང་གླེགས་བམ་དུ་བྱས་ནས་ཉིན་གཅིག་བཞིན་དུ་ཕྱག་འཚལ་བ་དེ་དག་ནི་ཤིན་དུ་དཀའ་བ་བྱེད་པ་སྟེ། དེ་དག་ནི་ངེས་པར་བླན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ།།
144a3 དག་འཆི་བའི་དུས་ཀྱི་ཚེ་ཉེ་བར་གནས་པ་ན་ཡང་དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་མཐོང་བ་སྦྱིན་པར་འགྱུར་ཏེ། རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབ་པར
144a4 འགྱུར་རོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། གང་གི་ཚེ་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་ཚུལ་འདི་རྟོགས་ནས། ཐམས་ཅད་མཁྱེན་པ
144a5 ན་ཡིད་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བྱེད་པ་དག་གོ་འཕང་དེ་ཐོབ་པར་གྱུར་པ་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་གཟུངས་སྔགས་ཀྱི་དཀྱིལ་འཁོར་ཆོས་ཀྱི་འཁོར་ལོ་བར་སྔོན་མ་བྱུང་བ་དེ་སེམས
144a6 ཅན་ཆེན་པོ་ཤོད་ཅིག། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་གང་དུ་བཞུགས་པ་ཙམ་གྱིས་འཚམས་མེད་པ་ལྔ་པོ་དག་ཡོངས
144a7 སུ་བྱང་བར་འགྱུར་བ་དང་དོན་ཐམས་ཅད་ཀྱང་འབྱོར་པར་འགྱུར་བ་དང་། དཔལ་ཐམས་ཅད་བསྐྱེད་པར་འགྱུར་བ་དང་། སྡིག་པ་ཐམས་ཅད་ལས་རབ་ཏུ་གྲོལ་བར་འགྱུར་བ་ཡེ་ཤེས་ཆེན་པོས་དབང་བསྐུར་བའི་གཟུངས་སྔགས་ཀྱི
144a8 དཀྱིལ་འཁོར་གྱི་རྣམ་པར་དགོད་པ་དེ་ཉོན་ཅིག། འཇམ་དཔལ་དཀྱིལ་འཁོར་བརྗོད་པར་བྱའོ།། འཇམ་དཔལ་དེ་ལ་ལུས་ཅན་ཐམས་ཅད་ལ་གསང་ཆེན་དང་བཅས་པ་སློབ་དཔོན་རྣམས་ཀྱི་གསང་ཆེན་མཆོག། གསང་བབས་ཀྱང
iiif viewer powered by OpenSeadragon
143b - 144b