e-texts navigator
Collection
Volume
Page
Wylie

289a1 ལོ་འཁྱིལ་བར་འགྱུར་རོ། ། འཁོར་དང་བཅས་པ་རིག་པ་འཛིན་པའི་རྒྱལ་པོ་ཐོབ་པར་འགྱུར་ཏེ་བསྐལ་བར་གནས་སོ།། ས་ལ་པད་མ་འདབ་མ་བརྒྱད་པ་གཅིག་བྲིས་ཏེ་དེའི་སྟེང་དུ་འདུག་ནས་སྟོང་ཕྲག་བརྒྱ་བཟླས་ནས།
289a2 གཞི་གར་གནས་པད་མར་གནས་ཏེ་འཁོར་སྟོང་དང་ལྡན་པ་བསྐལ་བར་གནས་སོ།། དེ་ནས་གཏེར་བླང་བར་འདོད་ན་གང་ན་གཏེར་ཡོད་པ་དེ་རུ་བུམ་པ་སྐུད་པ་ནག་པོས་དཀྲིས་ལ་ཙན་དན་གྱིས་བྱུགས་ལ་ཆུས་བཀར་ཏེ་སྟོང་ཕྲག
289a3 བརྒྱད་དུ་མངོན་པར་བསྔགས་ནས་དེར་བཞག་པར་བྱའོ། ། ས་དེགས་ནས་ཆུ་ཡིས་ས་ལ་གཏོར་ལ་ཁྲུ་གང་ཙམ་ས་ལ་བསྐོས་ཏ་བླང་བར་བྱའོ།། དེ་ནས་སེང་གེ་སྒྲུབ་ན་གྲོག་མཁར་གྱི་ས་ལ་སེང་གེ་བྱས་ལ་འགིའུ་ཝང་གིས་བྱུགས་ལ
289a4 དཀྱིལ་འཁོར་དུ་གཞག་སྟེ། མཆོད་པ་ཆེན་པོ་བྱས་ལ་ཇི་སྲིད་དུ་གཡོ་བའི་བར་དུ་བཟླས་ན་སེང་གེར་འགྱུར་ཏེ་རྒྱབ་དུ་ཞོན་པས་སྒྲ་ལི་བ་འཁྱིལ་བར་འགྱུར་ཞིང་བདག་ཉིད་སྔས་བལྟས་ཐོབ་ནས་ལོ་ཁྲི་ཕྲག་གཅིག་ཏུ་འཚོའོ།། འཇམ
289a5 དཔལ་འཕགས་པ་མི་གཡོ་བའི་རྟོག་པ་གསུངས་པའི་ཆོ་ག་འདི་བསྒྲུབས་ན་དེ་ནི་མྱུར་བར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཐམས་ཅད་བཅོམ
289a6 ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། རྗེས་སུ་ཡི་རང་ནས་སྟན་ལས་ལངས་ནས་སོང་ངོ་།། འཕགས་པ་ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ཞེས་བྱ་བའི་རྟོག་པ་རྫོགས་སྷོ།། །
289a7 མེ་ཉག་རྒྱལ་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་ཨུ་ལ་ཤ་མ་ར་ཀྵི་ཏའི་ཞལ་ལྔ་ནས་ལོ་ཙཱ་བ་གླན་དགེ་སློང་དྷརྨ་བློ་གྲོས་ཀྱི་བསྒྱུར་ཅིང་ཞུས་ཏེ། དགེ་སློང་ཡོན་ཏན་རྡོ་རྗེས་གསོལ་བ་བཏབ་པའོ།།
289a8 རྒྱ་གར་སྐད་དུ། བྷ་ག་བཱན་ནཱི་ལཱམ་པ་ར་དྷ་ར་བཛྲ་པཱ་ཎི་ཏན་ཏྲ་ནཱ་མ། བོད་སྐད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ




iiif viewer powered by OpenSeadragon

288b - 289b

Texts on this page

Q127 - de bzhin gshegs pa thams cad kyi khro bo'i rgyal po 'phags pa mi g.yo ba de'i stobs dpag tu med pa rtul phod pa 'dul bar gsungs ba zhes bya ba'i rtog pa
Q128 - bcom ldan 'das phyag na rdo rje gos sngon po can gyi rgyud ces bya ba