| | e-texts navigator
|
287b1 པ་བཏེག་པ། ཞབས་གཡས་པ་སྟེང་དུ་བཏེག་པ། ཞབས་གཡོན་པ་ཡང་གྱེན་དུ་བསྒྲེང་བ། ཕྱག་གཡོན་པ་སྡིག་འཛུབ་ཀྱིས་བསྡིགས་པར་མཛད་པ།། ཞལ་རྣམ་པར་མི་སྡུག་པ་ནང་སྟེང་དུ་འབར་བར་གནས་པ་དེ་བཞིན་གཤེགས་པས་སྟེང་ནས
287b2 ཕྱག་གཉིས་ཀྱིས་དབུགས་འབྱིན་པར་མཛད་པ། མེ་ཏོག་རྒྱལ་པོ་ནི་བྱང་དུའོ།། གཡ་སུ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད། འོག་ཏུ་ནི་སྒྲུབ་པ་པོས་སྤོས་ཀྱི་སྣོད་ཀྱིས་ལག་པ་སྒྲེང་བ་ཁྲོ་བོའི་རྒྱལ་པོ་ལ་ལྟ་བ་བྲིའོ།། འཇམ་དཔལ་མིགས
287b3 མགོན་པོ་འདི་རས་རིས་ཀྱི་ཆོ་ག་སེམས་ཅན་རྣམས་ལ་ཕན་པར་འདོད་པས་བདག་གིས་བཤད། ། འཇམ་དཔལ་མི་གཡོ་མགོན་པོའི་སྒྲུབ་ཐབས་ཀྱི་ཆོ་ག་གང་ཐབས་སླབས་དངོས་གྲུབ་ཆེན་པོ་ཐོབ་པ་ཉོན་ཅིག། འདིར་དང་པོར་རེ་ཤིག།
287b4 སྔགས་སྒོར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་གངས་རི་ལ་སོགས་པ་ཡིད་དགའ་བའི་གནས་རྣམསུ་གཅིག་པུ་སློངས་མོ་ཟ་ཞིང་རས་རིས་འདིའི་སྤྱན་སྔར་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་བྱའོ།།
287b5 དེནས་རྩེའི་ཟོམ་ལ་གནས་བཅས་ཏེ་འབུམ་ཕྲག་གསུམ་བཟླས་པ་བྱའོ།། དེ་ནས་ཉ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ནས་མཚན་རངས་པར་བཟླས་པ་བྱའོ།། ནང་པར་ཐོ་རངས་སམ་ཉི་མ་ཤར་ནས་མཚན་མ་རྣམས་འབྱུང
287b6 ཉི་མ་འགྱུར་ལྡོག་བྱེད་ཅིང་མུན་པར་ཡང་འགྱུར་རོ། ། ཕྱོགས་བཞིར་ཧ་ཧ་ཞེས་སྒྲོགས་པའི་སྒྲ་ཆེན་པོ་ཐོས་པར་འགྱུ་རོ།། ཁྲོ་བོའི་རྒྱལ་པོ་མེ་ཏོག་གི་ཆུན་འཕྱང་གཡོ་བར་འགྱུར་བ་དང་། ས་གཞི་གཡོ་ཞིང་འབྲུག་གི་སྒྲ་ཆེམ་ཆེམ
287b7 སྒྲོགས་པ་དང་། ། རིག་པ་འཛིན་པ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབ་སོ།། འདིའི་དྲུང་དུ་ཁྲོ་བོའི་རྒྱལ་པོ་ཆེན་པོ་རང་ཉིད་ལྷ་ཐམས་ཅད་དང་ཀླུ་ལ་སོགས་པས་བསྐོར་ནས་བྱོན་ནོ།། དེའི་དུས་སུ་དམྱལ་བའི་སྡུག་བསྔལ་རབ་ཏུ་ཞི་བར
287b8 འགྱུར་རོ། ། དེ་ནས་ཡོན་ཆབ་ཕུལ་ཏེ་ཕྱག་བྱས་ནས་གནས་པར་བྱའོ།། དེ་ནས་ཁྲོ་བོའི་རྒྱལ་པོ་གསུང་བར་འགྱུར་ཏེ་བུ་གཅིག་མཆོག་སྦྱིན་པར་བྱའོ་ཞེས་པ་དང་། རིག་པ་འཛིན་པ་འམ། རྒྱལ་པོ་འམ་མི་སྣང་བ་འམ། གང་འདོད་པ་དེ
iiif viewer powered by OpenSeadragon
287a - 288a