e-texts navigator
Collection
Volume
Page
Wylie

286b1 དབུསྲ་ནི། ། ཌིན་ཆེན་རྡོ་བར་ལེགས་པར་གནས།། འབར་བའི་ཕྲེང་བ་གཟི་བརྗིད་འཁྲིགས།། ཉི་མ་འཆར་ཀའི་འོད་དང་མཚུངས།། རང་གི་ས་བོན་ས་བོན་གྱིས།། རྫོགས་པའི་སངས་རྒྱས་བསྒོམ་བྱ་བྲི།། འདི་ནི་བྱིན་གྱིས་བརླབས་པའི་སྔགས།
286b2 ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿསརྦ་བི་ཤྭ་མུ་ཁེ་བྷྱཿཧེ་ཧེ་ཧེ། ཨ་ཛྙཱ་བ་རི་མཱ་གོ་ཎ་ཨཱ་གཙྪ་བྷ་ག་བཱན་སི་གྷཱ་སཱ་ཧཱ།། དེ་ཡི་བྱང་དུ་བྲི་བ་ནི།། བུམ་པ་རྡོ་རྗེ་མཚན་མ་ཅན།། ནོབ་འབར་བའི་ཕྲེང་བས་འཁྲེགས།། འཇིག་རྟེན་གཙོ་བོ་དེ་རང་བཞིན།། ལྷོ
286b3 ཕྱོག་སུ་མགོན་པོ་ཡིས། ། རྡོ་རྗེ་འབད་པས་བྲི་བར་བྱ།། མེ་ཡི་དཀྱིལ་འཁོར་དབུས་ནི།། ཕྱག་ན་རྡོ་རྗེ་བློ་ལྡན་པས།། དབང་ལྡན་ཕྱོགས་ལ་བརྟེན་ནས་ནི།། མཛེས་པའི་གཟུགས་བརྙན་ཕྱག་རྒྱ་བྲི།། རིན་ཆེན་རྡོ་བར་བཞུགས་ཤིང་འབར།།
286b4 ཡིད་བཞིན་ནོར་བུ་ཞེས་བཤད།། ཁྲོ་རྒྱལ་ཕྱག་རྒྱ་རྟུལ་པོ་རོལ།། སྟེང་དུ་པད་མ་བྲིས་ནས་ནི།། སངས་རྒྱས་ཐམས་ཅད་དེ་རུ་བཞུགས།། མེ་ཡི་ཕྱོགས་ལ་བརྟེན་ནས་ནི།། རབ་ཏུ་འབད་པས་རྡོ་རྗེ་བྲི།། འབར་བའི་ཕྲེང་བ་འཇིག་ས་རུང།།
286b5 པད་མ་ལ་ནི་རབ་ཏུ་བཞུགས།། བློ་དང་ལྡན་པས་འོག་ཏུ་ནི།། ཁྲོ་བོའི་རྒྱལ་པོ་མངག་བཞུག་བྲི།། རྡོ་རྗེ་རྡོ་བའི་སྟེང་ན་གནས།། རྡོ་རྗེ་འབར་བས་ཡོངསུ་བསྐོར།། རླུང་གི་དཀྱིལ་འཁོར་དབུས་སོན་པར།། རྟག་ཏུ་འབར་བས་འཁྲིགས
286b6 བ་ཡི། ། ཞགས་པའི་ཕྱག་རྒྱ་དེ་ལ་བྲི།། དེ་ནས་གཉིས་པའི་ཆ་ལ་ནི།། ཕོ་ཉ་མོ་ནི་ཀུན་ནས་བྲི།། བརྟན་པ་ཞེས་བྱའི་ཕོ་ཉ་མོ།། བྱང་ཕྱོགསུ་ནི་ཡང་དག་གནས།། ཆུ་ཡི་དཀྱིལ་འཁོར་ལ་བཞུགས་པར།། མཁའ་གསོད་མ་ནི་དེ་ལ་བྲི།
286b7 ལྷ་ཡི་ཕྱོགསུ་རྣམ་འཇིགས་མ།། ཉི་མའི་དཀྱིལ་འཁོར་དབུས་ན་བཞུགས།། བགེགས་རྣམས་ཀུན་ནས་འཇིག་པར་བྱེད།། འཇིགས་པ་ཡི་ནི་མེ་ལྟར་འབར།། འཁོར་ལོ་རྡོ་བའི་སྟེང་དུ་བྲི།། དེ་ཡི་གཡོག་འཁོར་དག་གི་དོན།། རབ
286b8 ཏུ་འབད་དེ་བྲི་བར་བྱ། ། མཁའ་གསོད་མ་ནི་སྣམ་བུ་ལ།། གཏུན་ཤིང་དང་ནི་ཐོ་བ་ཉིད།། རབ་ཏུ་འབད་པས་བྲི་བར་བྱ།། སླར་ཡང་ནུབ་ཕྱོགས་སོན་པར།། བཅོམ་ལྡན་མ་ནི་འཇིགས་པ་བྲི།། མཛོད་སྤུ་ཞེས་ནི་བཤད་པ་ཡི། ཕྱག




iiif viewer powered by OpenSeadragon

286a - 287a

Texts on this page

Q127 - de bzhin gshegs pa thams cad kyi khro bo'i rgyal po 'phags pa mi g.yo ba de'i stobs dpag tu med pa rtul phod pa 'dul bar gsungs ba zhes bya ba'i rtog pa