e-texts navigator
Collection
Volume
Page
Wylie

94b1 བརྒྱ་སྟོང་ཕྲག་བརྒྱ་སྟོང་རྣམས་དང་།། གནོད་སྲིན་དང་། སྲིན་པོ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟེ་ཕྱེ་ཆེན་པོ་དང་། ཀླུ་ལ་སོགས་པ་འཁོར་རྣམ་པ་སྣ་ཚོགས་པ་དུ་མ་དང་། བྱང་ཆུབ་སེམས་དཔའ
94b2 སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་རྣམས་ལ་འདི་ལྟ་སྟེ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་སྤོབས་པ་དང་།། བློ་གྲོས་མི་གཡོ་བ་དང་། བློ་གྲོས་ཡངས་པ་དང་། ཀུན་ཏུ་བློ་གྲོས་དང་།།
94b3 བློ་གྲོས་མཐའ་ཡས་པ་དང་། ཀུན་ནས་ལེགས་པའི་བློ་གྲོས་དང་། བློ་གྲོས་ཀ་མ་ལ་དང་། བློ་གྲོས་ཆེན་པོ་དང་།། བློ་གྲོས་ལྷ་རྫས་དང་། བློ་གྲོས་སྣ་ཚོགས་པ་དང་།། བློ་གྲོས་མ་ལུས་པ་དང་། ཀུན་ཏུ་བཟང་པོ་སྟེ། དེ་དག་ལས་ཐ
94b4 པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་འདུན་མཐའ་ཡས་ཤིང་མུ་མེད་པ་རྣམས་ཀྱིས།། སྟི་སྟང་དུ་བྱས། བླ་མར་བྱས། མཆོད་ཅིང་རྗེད་པར་བྱས་ཤིན་ཏུ་ཕུལ་དུ་བྱུང་བར་བྱས་སྟེ།།
94b5 འཁོར་གྱི་ཚོགས་ཆེན་པོའི་དབུས་སུ་ཚངས་པ་ཆེན་པོ་པད་མའི་གདན་ལ་བཞུགས་ཤིང་ངན་སོང་ཐམས་ཅད་ཡོངས་སུ་སྦྱོར་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། དེ་མ་ཐག་ཉིད་དུ་ངན་སོང་གསུམ་གྱི
94b6 རྒྱུད་རྣམ་པར་གྲོལ་བར་བྱེད་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཆེན་པོའི་འོད་ཟེར་འཕྲོ་བ་དང་བསྡུད་པ་དུ་མའི་ཕྲེང་བ་རང་གི་མཛོད་སྤུ་ནས་ཕྱུང་སྟེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ
94b7 བར་བྱས་སོ།། ཀུན་ཏུ་སྣང་བར་བྱས་པ་དེས་སེམས་ཅན་ཐམས་ཅད་ཀྱི་སེམས་ཉོན་མོངས་པའི་འཆིང་བ་ལས་བཀྲོལ་ཏེ།། ཡང་དག་པ་སོ་སོ་སོ་སོར་ཐོབ་པར་བྱས་ཤིང་དགའ་བའི་ཚལ་ཡང་ཀུན་ཏུ་སྣང་བར་བྱས་སྟེ།། མཆོད་པའི
94b8 སྤྲིན་སྣ་ཚོགས་པ་རྣམས་ཀྱིས་མངོན་པར་མཆོད་ནས་ལན་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་སྟེ་མགོ་བོས་ཕྱག་འཚལ་ནས།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུ་དྲི་མ་མེད་པའི་སྟེང་དུ་འཁོད་དེ་འདི་སྐད་ཅེས་གསོལ་ཏོ།།




iiif viewer powered by OpenSeadragon

94a - 95a

Texts on this page

Q117 - de bzhin gshegs pa dgra bcom pa yang dag par rdzogs pa'i sangs rgyas ngan song thams cad yongs su sbyong ba gzi brjid kyi rgyal po'i brtag pa phyogs gcig pa zhes bya ba