| | e-texts navigator
|
288a1 དཀྱིལ་འཁོར་ནི།། དཔའ་བོ་དེ་ཡིས་བྲི་བར་བྱ།། འདི་ཡི་མདུན་དུ་བྲི་བྱ་བ།། དཔའ་བོ་མཐའ་ཡས་པ་ཡི་ཞལ།། སྟོང་ཕྲག་དུ་མའི་ཕྱག་ལྡན་མ།། མཚན་ཉིད་ཐམས་ཅད་ཡང་དག་རྫོགས།། རྒྱན་རྣམས་ཀུན་གྱིས་རྣམ་པར་རྒྱན།
288a2 ཕྱག་གིས་རྡོ་རྗེ་པད་མ་འཆང་།། སྣ་ཚོགས་ཕྱག་རྒྱས་ཕྱག་གཞན་དཀྲིགས།། གཙུག་ལྡན་དར་གྱི་ཅོད་པན་ཅན།། དབ་རྒྱན་པད་མའི་བཞིན་རས་མ།། ཟླ་བའི་དཀྱིལ་འཁོར་དག་ལ་བཞུགས།། དེ་འོད་ཉི་མ་ལྟ་བུའི་འོད།། དཔའ་བོའི་རྣལ
288a3 འབྱོར་ལྡན་པ་ཡི།། དཔའ་བོ་དེས་ནི་བྲི་བར་བྱ།། རྡོ་རྗེ་སེམས་དཔང་བདག་བསྒོམས་ཏེ།། དེར་ནི་བསྙེམས་པས་འགྲོ་བར་བྱ།། དཔའ་བོས་ལྷོར་བྲི་བྱ་བ།། གཤིན་རྗེའི་འདབ་མ་མཛེས་པ་ལ།། མཆོག་སྦྱིན་ནམ་མཁའ་དགེ་མ་ཡང་།།
288a4 རན་ཆེན་ཁྲི་ལ་ལེགས་པར་བཞུགས།། བཞིན་རས་སྔོལ་སྤྱན་དཀར་བ།། འཛུམ་བཅས་ནོར་བུའི་འོག་བག་ཅན།། མགུལ་རྒྱན་རིན་ཆེན་ཕྲེང་བ་མཆོག། རྐང་གདུབ་གདུ་བུ་རིན་པོ་ཆེ།། ཡིད་བཞིན་ནོར་བུའི་ལག་པ་ཅན།། སྦྱིན་པའི་ཕ
288a5 རོལ་ཕྱིན་དགོངས་མ།། དེ་ནས་བློ་ལྡན་རབ་སོང་སྟེ།། ནུབ་ཏུ་ཡང་ནི་དེ་བཞིན་དུ།། དཔལ་དང་ལྡན་པས་ལེགས་པར་བྲི།། ཆུ་ལས་སྐྱེས་མ་ཡིད་འཕྲོག་མ།། དམར་པོའི་གོས་འཛིན་དག་པ་མ།། གཙུག་ན་ཅོད་པན་གྱིས་སྤྲས་མ།། སྦྲུལ་རྒྱན
288a6 སྣ་ཚོགས་ལུས་ཅན་མ།། དར་དང་རིན་ཆེན་གྱིས་ཀླུབས་མ།། པད་མ་འབྱེད་པའི་སྦྱོར་བ་ཡི།། ཕྱག་གི་ལོ་འདབ་དང་ལྡན་པས།། ཟླ་བའི་གདན་ལ་ཡང་དག་བཞུགས།། ཉི་མ་དུ་མའི་སྣང་བ་ཅན།། ཇི་ལྟར་རེག་པ་བྲི་བར་བྱ།། དེ་ནས་བྱང་དུ
288a7 བྱིན་ནས་སུ།། སོང་ཏེ་དཔའ་བོས་བྲི་བྱེ་བ།། མི་གཡོ་བཞིན་རས་གྲགས་ཆེན་མ།། མར་གདའ་བར་བ་མཚུངས་པ་མོ།། དཀར་པོའི་དིར་གྱིས་ཡང་དག་གྲུབས།། གཙུག་ན་ནོར་བུཅོད་པན་བཟང་།། གཙུག་རྒྱན་སྣ་ཚོགས་དག་གིས་སྤྲས།།
288a8 རྡོ་རྗེ་དྲིལ་བུའི་ལག་བཀྲམ།། སྣ་ཚོགས་རྒྱན་དང་གོས་ལྡན་པས།། ཟླ་བའི་གདན་ལ་ཡང་དག་བཞུགས།། འོད་ཀྱིས་བསམས་པའི་དཀྱིལ་འཁོར་མཆོག། དེ་ནས་མཚམས་ཀྱི་འདབ་མ་ལ།། མེ་ཏོག་བདུག་པ་དྲི་ལྡན་མ།། རྡོ་རྗེ་སྣང་བྱེད།
iiif viewer powered by OpenSeadragon
287b - 288b