e-texts navigator
Collection
Volume
Page
Wylie

287b1 པར་འདུ་བྱས་པ།། ནམ་མཁའ་ལ་ནི་ཐིག་གིས་གདབ།། ཐོག་མར་དེ་ཡི་དམ་པས་སོ།། དེ་ནས་རྣལ་འབྱོར་ཆེན་པོས་ཐིག། གསར་པའི་ཡུམ་གྱི་དཀྱིལ་འཁོར་རོ།། མུ་ཁྱུད་དག་གི་རྣམ་བདུན་དུ།། ཀུན་ནས་ཡོངས་སུ་བསྐོར་བར་བྱ།།
287b2 དབུས་ཀྱི་ཆ་རུ་དཀྱིལ་འཁོར་ནི།། འཁོར་ལོ་ལྟ་བུ་བྲི་བར་བྱ།། ཀུན་ནས་བརྒྱད་གཉིས་མཛེས་པ་ནི།། དཀྱིལ་འཁོར་བཞི་ཡི་དབུས་སུའོ།། འཁོར་ལེའི་ལྟེ་བའི་དབུས་སུ་ནི།། པདམ་ཟེ་འབྲུ་ལྡན་པ་བྲི།། འཚམས་དང་འཚམས་སུ་འདབ
287b3 མ་ནི།། ཇི་ལྟར་བ་བཞིན་སྙེམས་བཅས་པས།། སྲད་བུ་ལྔ་ཡིས་ཡང་དག་འཁྲུགས།། སྲད་བུ་བཞི་ཡིས་ཉེ་བར་སྤྲས།། སྒོ་བཞི་དང་ནི་ཡང་དག་ལྡན།། རྟ་བབས་སེང་གེ་ངག་གིས་བརྒྱན།། གདུགས་དང་རྒྱལ་མཚན་བ་དན་སོགས།།
287b4 བླ་བྲེས་སྟེང་དུ་བྲེས་པ་དང་། རིན་ཆེན་རྡོ་རྗེས་པད་ལྡན་སྔོན།། དཔག་བསམ་ཤིང་གི་ལྐུག་པས་ཁྱབ།། བུམ་བཟང་རིན་ཆེན་ལྡན་པའི་མཆོག། རྒྱན་ཕྲེང་གླང་པོ་ལྡན་པ་ནི།། ཕྱི་རོལ་གནས་ཏེ་ལེགས་པར་བྲིས།། ཏོག་དང་མི་རྟོག་རྣམ
287b5 སྤངས་ཏེ།། དཀྱིལ་འཁོར་རྒྱལ་པོའི་དབུས་སུ་ནི།། གསང་བ་བརྒྱན་གྱི་རྡོ་རྗེ་བྱ།། མཉམ་པར་གཞག་ཅིང་སྤྲོ་བ་ཡིས།། སེམས་ཀྱིས་བྲི་བ་ཉིད་དུ་བྱ།། དེ་ནས་ལྷ་མོ་ཞལ་བཞིམ།། ཤེས་རབ་ཕ་རོལ་ཕྱིན་དགེ་བ།། ཕྱག་བཞི་པ་ལ་སྨན
287b6 ཡངས་མ།། ཕྱག་གཉིས་ཀྱིས་ནི་ཆོས་འཆད་ཅིང་།། བཞི་པའི་གཡས་པར་རྡོ་རྗེ་སྟེ།། གཡོན་པ་པད་མས་རྣམ་པར་བརྒྱན།། དཀར་དང་དམར་པོ་ཆེར་སྔོ་བ།། སྔོབསངས་རིན་ཆེན་མཆོག་མཛེས་འོད།། གཙུག་ན་རིན་ཆེན་གཙུག་ཏོར
287b7 གཙུག་རྒྱན་ཅོང་བན་དམ་པ་ཅན།། སྐལ་པ་ཆེན་པོ་བོང་ལྡན་མ།། རྒྱན་རྣམས་ཀུན་གྱིས་རྣམ་པར་བྲུབས།། གོས་ཀྱིས་སྟོད་ནི་ལེགས་བསྒྲིབས་པ།། བཞིན་གྱི་དཀྱིལ་འཁོར་འཛུམ་བཅས་ཤིང་།། སྣ་ཚོགས་གོས་ཀྱིས་ལེགས་གྱོན་པ།
287b8 དབུ་མའི་ཞལ་རས་གསེར་གྱི་འོད།། ཞབས་གཉིས་དབུས་སུ་འཁོར་ལོ་སྟེ།། མདུན་ན་རིན་ཆེན་བདུན་གནས་པ།། པད་མ་མཆོག་ལྡན་སེར་གེའི་ཁྲི།། ཟླ་བ་རྡོ་རྗེ་འཛིན་པའི་གདན།། ཉི་མའི་དཀྱིལ་འཁོར་འོད་འཕྲོག། རྒྱབ་ཏུ་ཉི་མའི




iiif viewer powered by OpenSeadragon

287a - 288a

Texts on this page

Q122 - de bzhin gshegs pa thams cad kyi sku gsung thugs kyi gsang ba rgyan gyi bkod pa zhes bya ba'i rgyud kyi rgyal po