e-texts navigator
Collection
Volume
Page
Wylie

284b1 དང་དེར་སྐྱེའོ།། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཕན་ཡོན་མེད་མོད་ཀྱི་ངས་ཕྱོགས་ཙམ་ཞིག་བརྗོད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ
284b2 སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས
284b3 གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བརྒྱ་ལྔ་བཅུ་པ་རྫོགས་སྷོ།།
284b4 @#།། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་གྷ་ཏ་ཀཱ་ཡ་བཱཀཙིཏྟ་གུ་ཧྱ་ཨ་ལ~ཾ་ཀཱར་བྷུ་ཧོ་ཏན་ཏཱ་རཱ་ཛཱ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ
284b5 པོ།། བླ་མ་དང་འཇམ་པའི་དབྱངས་ཀྱི་ཞབས་ཀྱི་པད་མོ་ལ་གུས་པར་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་རྣལ་འབྱོར
284b6 གྱི་དབང་ཕྱུག་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ཕྱག་རྒྱ་ཆེན་པོའི་དམ་ཚིག་གི་བྱིན་གྱིས་བརླབས་ཀྱི་རྡོ་རྗེའི་སྐུ་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐ་དང་གསུང
284b7 དང་ཐུགས་རྡོ་རྗེ་ཡེ་ཤེས་རིན་པོ་ཆེ་ཆེན་པོའི་ཅོད་པན་གྱི་རྩེ་མོའི་གཙུག་ཕུད་ཀྱིས་དབང་བསྐུར་བ་བརྙེས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཆེན་པོ་དང་ལྡན་པ་དེ་བཞིན
284b8 གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ལས་སྣ་ཚོགས་པ་ཆེན་པོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་མཆོད་པ་ཆེན་པོ་སྨྲ་བའི་དམ་ཚིག་གི་གསང་བ་དང་།




iiif viewer powered by OpenSeadragon

284a - 285a

Texts on this page

Q121 - 'phags pa shes rab kyi pha rol tu phyin pa'i tshul brgya lnga bcu pa
Q122 - de bzhin gshegs pa thams cad kyi sku gsung thugs kyi gsang ba rgyan gyi bkod pa zhes bya ba'i rgyud kyi rgyal po