e-texts navigator
Collection
Volume
Page
Wylie

276a1 དང་པོའི་སྐྱེས་བུའོ།། དེ་ཅི་ལྟར་རང་ལྷག་པའི་ལྷ་ཐམས་ཅད་ཀྱི་བསྒྲུབ་པ་ཆེན་པོའི་རྒྱུད་ཡིན་ཞེ་ན། བརྟན་པ་དང་ནི་གཡོ་བ་དང་།། རྟོག་པ་ཀུན་ལས་བསྒྲུབ་བྱ་གང་།། རང་གི་ལྷག་པའི་ལྷ་སྦྱོར་བས།། དེ་དག་ཐམས་ཅད
276a2 བསྒྲུབ་པར་བྱ།། དེ་ནས་ཐམས་ཅད་རྗེས་སུ་བསྒྲུབ་པའི་རྒྱུད་ནི། རྡོ་རྗེ་དྲིལ་བུ་འཛིན་གྱུར་ནས།། རྡོ་རྗེ་དྲིལ་བུ་རབ་སད་ཅིང་།། རྟོག་པ་ཐམས་ཅད་རྗེས་བསྒྲུབ་པས།། མཆོག་དང་ལ་སོགས་འགྲུབ་པར་འགྱུར།། དེ་ལ་ཅི་ལྟར་འབད
276a3 པ་མེད་པ་ཐམས་ཅད་བསྒྲུབ་པའི་རྒྱུད་ཡིན་ཞེ་ན། བསྒྲུབ་བྱ་ཅི་འདོད་བསྒྲུབས་ནས་ནི།། ཕྱི་ནས་ཅི་ལྟར་འདོད་པ་ཡིས།། ཅི་འདོད་སྤྱོད་པ་ལ་སྤྱོད་ཅིང་།། ཐམས་ཅད་བྱེད་ཅིང་ཐམས་ཅད་བཟའ།། ལངས་པ་འམ་ནི་འདུག་པའམ།།
276a4 གང་དང་དེ་རུ་འཆག་པའམ།། དགོད་པ་དང་ནི་སྨྲ་བའམ།། གང་དེར་ཅི་བཞིན་དེ་བཞིན་ནོ།། དབང་པོ་གང་དང་གང་ལ་མ་གྱུར།། དེ་དང་དེ་ཡི་ངོ་བོར་བྱ།། མཉམ་པར་གཞག་ནས་རྣལ་འབྱོར་གྱིས།། རང་གི་ལྷག་པའི་ལྷ
276a5 སྦྱོར་བྱ།། དེ་ཉིད་རྣལ་འབྱོར་འདི་ཡིས་ནི།། ཐམས་ཅད་ཉིད་ནི་བསྒྲུབ་པར་བྱ།། སངས་རྒྱས་ཀུན་དངོས་ཐམས་ཅད་ནི།། རྟག་ཏུ་མཐོང་ཞིང་གྲུབ་པར་འགྱུར།། དམ་ཚིག་ཆེན་པོ་དེ་ཉིད་ནི།། མཁས་པ་གང་ཞིག་དད་པས
276a6 ཀློག། དེ་ནི་སྡིག་ཀུན་དང་བྲལ་བས།། དངོས་གྲུབ་ཀུན་གྱི་དབང་ཕྱུག་འགྱུར།། ཞེས་བྱ་བ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་དོ།། དེ་ལྟར་དཔལ་མཆོག་དང་པོའི་ཆོ་ག་མ་ཉམས་མཆོག་གི་བླ་མ་གསལ།། མཆོག་ཏུ་གསང
276a7 བ་བསྒྲུབ་པའི་ཆོ་ག་བདེ་མཆོག་མྱུར་དུ་གྲུབ་ཕྱིར་གསོལ།། རྡོ་རྗེ་མཆོག་འཛིན་དང་བཅས་བདེ་གཤེགས་སྲས་བཅས་རྣམས་ཀྱིས་བྱིན་བརླབས་པ།། བདེ་ཆེན་དམ་པ་རྡོ་རྗེ་འཛིན་པ་དགའ་ཆེན་མཆོག་གིས་དེ་གསུངས
276a8 སོ།། དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བའི་ཆོ་ག། དེ་ནས་སྟོན་པ་རྡོ་རྗེ་འཛིན།། མཁའ་ལྟར་ཐུག་མེད་ཀུན་ཏུ་འགྲོ།། སངས་རྒྱས་ཀུན་གྱིས་བསྟོད་ནས་ནི།། རྟོག་པའི་མཐར་ཐུག་དོན་གསུངས་སོ།། བདག་གི་སྙིང




iiif viewer powered by OpenSeadragon

275b - 276b

Texts on this page

Q120 - dpal mchog dang po'i sngags kyi rtog pa'i dum bu zhes bya ba