| | e-texts navigator
|
275b1 དང་། དེ་ནས་ནོར་བུའི་རིགས་ཀྱི་ནི།། དབང་བསྐུར་བ་དང་གཏེར་དང་ནི།། རྡོ་རྗེ་རྒྱལ་མཚན་མཆོད་པ་ཆེ།། ནོར་བུ་ཆེན་པོའི་རིག་གྲུབ་པ།། བསམ་པ་ཐམས་ཅད་ཡོངས་རྫོགས་པའོ།། ཞེས་བྱ་བ་དཀྱིལ་འཁོར་ཐམས་ཅད་ཀྱི་དེ་ལོ
275b2 ན་ཉིད་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། རྡོ་རྗེ་རིགས་ཐམས་ཅད་ཀྱི་དབང་བསྐུར་བ་ཤེས་པ་ནི། སངས་རྒྱས་རིན་ཆེན་རྡོ་རྗེ་བྱེད།། རྡོ་རྗེ་རིན་ཆེན་རྡོ་རྗེ་ལ།། སྤྱན་རས་གཟིགས་ལ་རྡོ་རྗེ་སྐུ།། ནོར་བུ་ནོར།
275b3 བུའཛིན་པའོ།། དེ་ནས་མཆོག་དང་པོའི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་དོ།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོའི་མཚོན་ཆ་ཆེ།། གསང་བ་ལྔ་ཡི་དེ་ཉིད་ཆེ།། རྡོ་རྗེ་རྩེ་ལྔ་ཞེས་བརྗོད་དོ།། དེ་ནས་རིགས་ཐམས་ཅད
275b4 ཀྱི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་ཤེས་པ་ནི།། སངས་རྒྱས་ཐམས་ཅད་སངས་རྒྱས་ཉིད།། སྣ་ཚོགས་བྱ་བ་རྡོ་རྗེ་ཅན།། འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཆོས།། ནོར་བུ་ནོར་བུ་བསགས་པའོ།། ཞེས་བྱ་བ་དབང་བསྐུར་བ་ཐམས་ཅད་ཀྱི་ཕྱག
275b5 མཚན་གྱི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་ཅི་ལྟར་ཐམས་ཅད་དགུག་པའི་རྒྱུད་ཡིན་ཞེ་ན། རྟོག་པ་ཐམས་ཅད་གསང་ཆེན་གྱིས།། རྡོ་རྗེ་ལྕགས་ཀྱུ་དྲིལ་བཅས་པས།། བཀུག་སྟེ
275b6 ནས་རྗེས་བསྒྲུབ་པ།། དྲིལ་བུ་ཉིད་ཀྱི་བྱ་བ་ཡིན།། ཅི་ལྟར་མཆོད་པ་ཐམས་ཅད་ཀྱི་ཆོ་ག་ཡིན་ཞེ་ན།། རྟོག་པ་ཀུན་གྱི་གསང་ཆེན་གྱིས།། རབ་ཏུ་དགའ་བས་མཆོད་ནས་ནི།། གླུ་དང་རོལ་མོ་རྣམ་འཕྲུལ་བས།། མཆོད་དེ་སླར
275b7 ཡང་རྣལ་འབྱོར་མཆོད།། དེ་ལ་ཅི་ལྟར་དངོས་གྲུབ་ཐམས་ཅད་ཀྱི་བྱིན་གྱིས་རླབས་པའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཡིན་ཞེ་ན།། རྟོག་པ་ཀུན་གྱི་གསད་ཆེན་གྱིས།། ཕྱག་རྒྱ་ཀུན་གྱིས་ལེགས་བྱིན་བརླབས།། དམ་ཚིག་ཆེན
275b8 པོ་འདི་ཉིད་ཀྱིས།། རང་ཉིད་བསྒྲུབས་ནས་སྙིང་པོ་བཟླས།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་པའི་བདག་པོ་བདག། ཅེས་བྱ་བ་མཆོག
iiif viewer powered by OpenSeadragon
275a - 276a