| | e-texts navigator
|
272b1 བཅས་མཐེའུ་ཆུང་སོགས་བཀྲོལ་བས།། དེ་ཉིད་བཅིངས་ནས་གར་བྱ་ཞིང་།། ཁྱིམ་འདི་ནི་འབྱུང་བ་ཡིན།། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱིལས་དོན་ཡོད་པའི་དམ་ཚིག་གྲུབ་པའི་དབང་ཕྱུག་ཆེན་པོའི་མཆོག་གི་ཕྱག་རྒྱ་བརྒྱའོ།། རྡོ་རྗེ་ཐལ
272b2 མོ་མཉམ་བཞག་ནས།། ཐམས་ཅད་ཀྱི་ནི་བསྒྲུབ་པར་བྱ།། མཆོག་དང་པོའི་ལས་ཆེན་པོའི་ཕྱག་རྒྱ་མཆོག་གཞན་ཡིན་ནོ་ཞེས་བྱ་བ་རྒྱལ་མོ་ཐམས་ཅད་ཀྱི་ཕྱག་རྒྱ།། མདའ་ལྔ་བསྡུས་པ་བཅིངས་ནས་ནི། ལས་ཀྱི་ཕྱག་རྒྱ་བདེ་བརྒྱ།
272b3 རབ་ཏུ་དགའ་མཆོག་མ་བཀྲོལ་བར།། བདེ་བ་ཉིད་དུ་མངོན་པར་སྦྱར།། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་འདོད་པ་མའི་ཕྱག་རྒྱའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། ཅི་བཞིན་ཕྱག་རྒྱ་མཆོག་སྦྱོར་བས།། ལས་ཀྱི
272b4 ཕྱག་རྒྱ་སྣ་ཚོགས་བརྒྱ།། མཆོག་དང་པོ་ནི་རབ་ཏུ་རྟག། ཅེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལྷ་མོའི་ཕྱག་རྒྱའོ།། རྡོ་རྗེ་ལྷ་མོའི་ཁ་ཊྭཱཾ་ག། ལུས་ཀུན་གྱི་ནི་གར་བྱ་ཞིང་།། རྡོ་རྗེ་གར་མཆོག་གླུ་བླང་ཞིང་།། དང
272b5 བོའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའོ།། ཅི་ལྟར་གོང་དུ་རྒྱས་གསུངས་པ།། རོལ་མོ་མཆོག་གི་ཕྱག་རྒྱའི་ཚོགས།། རོལ་མོ་རྡུང་ཞིང་དགླུ་ལེན་པ།། ཕྱག་རྒྱ་ཀུན་གྱིས་གསལ་བརྒྱ། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་ལྷའི་བུ་མོའི་ཚོགས་ཀྱི
272b6 ཕྱག་རྒྱ་སྟེ་ཕྱག་རྒྱ་སྟོང་མཆོག་ཏུ་གྲུབ་པའོ།། དེ་ལ་སོགས་པ་མཐའ་ཡས་མཆོག། ཆོས་དབྱིངས་མཉམ་དང་མི་མཉམ་པ།། ནམ་མཁའི་མཁའ་ལྟར་གྲངས་མེད་པའི།། ཕྱག་རྒྱའི་རྒྱལ་མོ་གྲུབ་མཆོག་སྟེར།། ཀུན་མཆོག
272b7 དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོའི་མཆོག་གྲུབ་ཕྱིར།། ནམ་མཁའ་ཀུན་གྱི་གོ་སྐབས་ཀྱིས།། དཀྱིལ་འཁོར་འདིར་ནི་རབ་ཏུ་ཞུགས།། དམ་པ་མཆོག་ཏུ་གྲུབ་པ་དང་།། དམ་པ་མཆོག་ཏུ་གྲུབ་པར་བྱེད།། མཆོག་གི
272b8 དམ་བརྒྱུད་ཆེན་པོ།། དམ་པ་མཆོག་གི་དངོས་གྲུབ་སྟེར།། རྡོ་རྗེ་སློབ་དཔོན་སློབ་མ་མཆོག། དེ་ཉིད་དད་པའི་རྗེས་འབྲངས་ལ།། ཕྱག་རྒྱ་ཀུན་གྱི་ཚུལ་འདི་ནི།། བསྟན་པར་བྱ་སྟེ་གཞན་ལ་མིན།། དེ་ལྟར་མཆོག་ཏུ་མི
iiif viewer powered by OpenSeadragon
272a - 273a