e-texts navigator
Collection
Volume
Page
Wylie

269b1 རྡོ་རྗེ་ནི་མཛད་ཀྱི་ཕྱག་རྒྱ་དང་རྐང་པས་བྷའི་གཟུགས་བརྙན་མནན་ཅིང་རྒྱས་བཏབ་ནས་སྡིགས་འཛུབ་བྱས་ཏེ། ལྷ་ལ་སོགས་པའི་སེམས་ཅན་དེ་དང་དེ་རིང་པོར་མི་ཐོགས་པར་རྒྱས་བཏབ་པས་བཀའ་བསྒོ་བ་ཐམས་ཅད་དང
269b2 ལས་རྣམས་བྱེད་པར་འགྱུར་རོ།། སྟན་མཐོན་པོ་ལ་དཀྱིལ་ཀྲུང་ཕྱེད་པས་འདུག་སྟེ། རྐང་པ་གཡོན་པས་རྡོ་རྗེ་སེམས་དཔའི་གཟུགས་བརྙན་ཡང་མནན་ནས་རྡོ་རྗེ་གསོར་ཞིང་རྡོ་རྗེ་སེམས་དཔས་མནན་ནས། དངོས
269b3 གྲུབ་ཡིད་དུ་འོང་བ་ཐམས་ཅད་དང་ཕུན་སུམ་ཚོགས་པ་རྣམས་ཉམས་སུ་མྱོང་ན་ལྷ་ལ་སོགས་པའི་སེམས་ཅན་ལྟ་སྤོས་ཀྱང་ཅི་དགོས། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རང་གི་རྟགས་བཟུང་ནས་གཡས་པ་རྡོ་རྗེ་ལ་སོགས
269b4 པ་སྟོང་པའི་ཚུལ་གྱིས་འཛིན་ཅིང་། ཡིད་ལ་འདོད་པའི་ལྷའི་བུ་མོ་ཐམས་ཅད་ལ་རྒྱས་འདེབས་ཤིང་སྟོབས་ཀྱི་ས་རོལ་པར་བྱེད་པ་འམ་སྒྲུབ་པར་བྱེད་པ་སྟེ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ།། ནས་དམ་ཚིག་གི་ཕྱག་རྒྱ་ནི་བདེ་བ་ཆེན་པོ
269b5 རྡོ་རྗེ་དོན་ཡོད་པའི་དམ་ཚིག་ལས་བྱུང་བ་ནི་བཅུ་སྟེ་སྙིང་ཀ་ར་སེན་མོ་འདེག་པའོ།། ལྕགས་ཀྱུ་བརྡེག་པའོ།། གཡོན་པའི་ལྕགས་ཀྱུ་ལ་གཡས་པ་དེ་གཞུག་པའོ།། ལྕགས་ཀྱུའི་རྩེ་མོ་བཙིར་བའོ།། ཕན་ཚུན་སེམས་བྲུད
269b6 པའི་སྙིང་ཀར་བྱས་པའོ།། ལྕེ་མཉམ་པར་བྱིན་པའོ།། སྙིང་ཀར་རྡོ་རྗེ་བརྟན་པར་རབ་ཏུ་གཞག་པའོ།། རྡོ་རྗེ་བྱ་བའོ།། རྩེ་བའི་ཕྱག་རྒྱ་ཡང་ངོ་།། འདི་རྣམས་ཀྱིས་དངོས་གྲུབ་དང་། ཕུན་སུན་ཚོགས་པ་དང་། བདེ་བ་དང་། ཕྱག
269b7 རྒྱ་དང་། དམ་ཚིག་དང་། དཀྱིལ་འཁོར་དང་། ཆོས་དང་། ཡེ་ཤེས་དང་། ལས་དང་། བདེ་བ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་དོན་ཡོད་པ་ཐོབ་པར་འགྱུར་རོ།། དེ་ནས་གསང་བའི་དམ་ཚིག་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའི
269b8 ལས་བཅུ་ནི་དབུས་མའི་ལྕགས་ཀྱུས་སོ།། ཁ་སྦྱོར་གྱི་ནང་དུ་རྡོ་རྗེ་སོར་མོ་རྣམས་ཐམས་ཅད་ཀྱི་ལས་སོ།། མཐེ་བོ་རྡོ་རྗེའོ།། དེ་ཉིད་ཀྱིས་མཐིལ་གཉིས་སུ་བྲུད་པའོ།། འཛུབ་མོ་རྡོ་རྗེའོ།། དེ་ཉིད་ཀྱིས་ལྕགས་ཀྱུ་གཉིས




iiif viewer powered by OpenSeadragon

269a - 270a

Texts on this page

Q120 - dpal mchog dang po'i sngags kyi rtog pa'i dum bu zhes bya ba