| | e-texts navigator
|
268b1 མིག་སོགས་ཕྱག་རྒྱས་རྒྱས་བཏབ་པའོ།། རྡོ་རྗེ་སེམས་དཔས་གསུངས་པ་ཡིན།། རྡོ་རྗེ་ཀུན་འཛིན་སློབ་དཔོན་གྱི།། ཙུམ་བྷ་ན་དང་འཁྱུད་སོགས་ཀྱིས།། ཐམས་ཅད་རྣལ་འབྱོར་རྗེས་བསྒྲུབ་སྟེ།། མྱུར་དུ་ཀུན་ལ་རྒྱས་གདབ་བྱ།། སྙིང་པོ
268b2 ཕྱག་རྒྱ་སྔགས་རིག་པའི།། སྒྲུབ་པ་འདི་ནི་རྨད་བྱུང་སྟེ།། གྲུབ་པ་མེད་པ་རྣམས་ལ་ཡང་།། དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེད།། གང་ལ་དངོས་གྲུབ་མེད་གྱུར་དང་།། བསོད་ནམས་ཕྲན་ཚོགས་མེད་པའང་།། བདག་ཉིད་རྡོ་རྗེ་སེམས་དཔའ
268b3 འམ།། རྒྱས་བཏབ་མྱུར་དུ་འགྲུབ་པར་འགྱུར།། གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག། སྙིང་པོ་ལ་སོགས་ཉེ་སྙིང་པོས།། བསྒྲུབ་བྱ་ཐུབ་པར་མ་གྱུར་ན།། ཙམ་བྷ་སོགས་ཀྱིས་རྒྱས་བཏབ་བྱ།། གང་ཕྱིར་གསང་བའི་ཕྱག་རྒྱ་ནི།། དངོས་གྲུབ
268b4 ཀུན་གྱི་བདེ་དམ་པ།། རྡོ་རྗེ་སེམས་དཔའི་མཆོད་པ་མཆོག། དེ་ཡི་མྱུར་དུ་འགྲུབ་པར་འགྱུར།། དེ་ཉིད་ཆེན་པོ་འདི་གྲུབ་པ།། མཆོག་གི་བདག་ཉིད་དམ་པ་སྟེ།། མཆོག་ཏུ་གསང་བ་བསོད་ནམས་ལྡན།། སོ་སོ་སྐྱེ་བོ་ལ་བརྗོད་མིན།། རྡོརྗེ
268b5 སློབ་དཔོན་སློབ་དཔོན་མཆོག། དེ་ཉིད་དང་བའི་རྗེས་འབྲང་ལ།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། སྤྲིན་ཏོ་གཞན་ལ་སྦྱིན་མི་བྱ།། ཕྱག་རྒྱའི་རྒྱུད་འདི་འབའ་ཞིག་གི། བདག་ཉིད་གང་ལ་ཡོད་གྱུར་ན།། བདུད་ལ་སོགས་པ་ཐམས
268b6 ཅད་ཀྱིས།། མི་ཐུབ་པ་དང་སོད་མི་འགྱུར།། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཀུན་མཆོག་དངོས་གྲུབ་ཀུན་སྤེལ་པ།། ཐམས་ཅད་མཛད་ཅིང་ཐམས་ཅད་མཁྱེན།། ཐམས་ཅད་བསྒྲུབ་པར་མཛད་པ་ཡིན།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ
268b7 སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུ་དཕྱག་རྒྱ་བཅུ་པ་རྫོགས་སྷོ།།། དེ་ནས་མཆོག་ཏུ་མཁས་ཤིང་ཕྲ་བ་ལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ
268b8 ཤིན་ཏུ་མཐའ་ཡས་པ་ཚད་མེད་པ་ཅིང་གཞལ་དུ་མེད་ཅིང་བརྗོད་ཀྱིས་མི་ལང་ཞིང་རབ་ཏུ་ཁྱབ་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་བཤད་པའོ་ཞེས་བྱ་བ་བཅོམ་ལྡན་འདས་མཆོག་ཏུ་གྲུབ་པའི་རྡོ་རྗེས་གསུངས་སོ།། དེ་ལ
iiif viewer powered by OpenSeadragon
268a - 269a