| | e-texts navigator
|
190a1 དེ་ནས་བཅོམ་ལྡན་འདས་ཁམས་གསུམ་པ་ཐམས་ཅད་ཀྱི་བདག་པོ་དབང་ཕྱུག་དེ་བཞིན་གཤེགས་པས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའི་རིན་པོ་ཆེའི་དབང་བསྐུར་བའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར
190a2 ཞུགས་ནས། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པོ།། བདེ་བ་ཆེན་པོ་རབ་གྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། ནོར་བུ་ཆེན་པོ་རིགས་མཆོག་ནི།། མགྲིན་འབྱོར་ཕྱིར་ནི་སྐྱེད་པར་མཛོད།། དེ་ནས་བཅོམ་ལྡན་འདས་དེ
190a3 བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་རབ་ཏུ་བཞག་པ་ཞེས་བྱ་བའི་རྣམ་པར་གནོན་པ་མཛད་ནས་བདེ་བ་ཆེན་པོའི་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བའི་རིགས་སྔགས་འདི་གསུངས་སོ།། ཨོཾ་ལི་ཏི་དྷི་བཾ་ཊ་ཊ་ཏེ་ཏྲཱཾ། དེ་ནས
190a4 འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་དབང་བསྐུར་བའི་བདེ་བ་ཆེན་པོའི་རྡོ་རྗེ་ལས་ནོར་བུ་རིན་པོ་ཆེ་རབ་ཏུ་ཕྱུང་ནས་ཕྱག་གཡོན་པ་ལ་རབ་ཏུ་གནས་སོ།། ནོར་བུ་རིན་པོ་ཆེ་དག་པ་དེ་ཡང་མརྐང་རྙོག་པ་མེད་པའི་མདོག
190a5 ཅན་རྡོ་རྗེ་རིན་པོ་ཆེ་རང་གི་འོད་ཟེར་གྱིས་དབང་བསྐུར་བ་ཅན་ནོར་བུ་རིན་པོ་ཆེའི་མདའ་ལ་སོགས་པའི་མཚན་མ་ཡོངས་སུ་བསྣམས་པ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཞུགས་སོ།། དེ་ནས་དཀྱིལ་འཁོར
190a6 བྲི་བ་ནི། དཀྱིལ་འཁོར་ཐམས་ཅད་ཐིག་གད་བ་བྱ།། རྡོ་རྗེ་རིན་ཆེན་བདག་པོ་གཞག། ནོར་བུའི་རིགས་ནི་ཆེན་པོ་བྲི།། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་ཞུགས་ཏེ། དེ་བཞིན་དུ་མཛུབ་མོ་གཉིས་ཀྱི་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱའོ།། ཨོཾ་མ
190a7 ཏྲཱཧཱ་སུ་ཁ་བཛྲ་བི་བྷཱུ་ཏེ་ར་ཡ་བྷ་ག་བཱན་དཾ་ཨཱ་ཀ་ར་ཥ་ཡ་གི་ར་བཾ་སརྦ་ཏ་ཐཱ་ག་ཏ་ཨ་གྲམ་ས་ཏྲ་ས་མ་བེ་ན་ནཱ་མ་བྷེ་ར་མ་ཏྲ་བྷེ། ཏྲཾ་ཕཊ་ཊ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོའི་ནོར་བུ་ཐམས་ཅད་དང་བཅས་པ་བྱོན་པ
190a8 ཡིན་ནོ།། སྤྱི་བོ་ནས་སྤུ་ལྡང་བའི་མཚན་མ་འབྱུང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བདག་ལ་དབང་སྐུར་བ་ལ་མེ་ནི་ཞེས་ཤེས་པར་བྱའོ།། དེ་ནས་སློབ་མ་རྣམས་གཞུག་པར་བྱ་སྟེ་ཆོ་ག་རྒྱས་པ་ཐམས་ཅད་དེ་བཞིན
iiif viewer powered by OpenSeadragon
189b - 190b