| | e-texts navigator
|
187b1 ནས་ཐམས་ཅད་ཀྱི་བདག་ཉིད་མཉམ་པར་སྤྲོས་ནས་བདེ་བ་ཆེན་པོའི་རྡོ་རྗེའི་ཕྱག་རྒྱའི་གཟུངས་འདི་གསུངས་སོ།། ཨོཾ་དྷཾ། དེ་ནས་འདི་ནི་གསུངས་པ་ཙམ་གྱིས།། རྣམ་པ་དྲུག་དུ་གཡོས་གྱུར་ཏེ།། སངས་རྒྱས
187b2 སྲས་དང་བཅས་པ་ཀུན།། ཀུན་ནས་འདུས་ཤིང་བསྟན་པར་འགྱུར།། དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས།། ཐམས་ཅད་གྲུབ་བྱིར་ཀུན་ནས་བཞུགས།། བཞད་པ་ཆེན་པོའི་ཁྱད་པར་གྱིས།། རྨད་བྱུང་ཆེན་པོ་རབ་ཏུ
187b3 བཞད།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་དེ་བཞིན་དུ་རྡོ་རྗེ་བསྙེམས་པས་བཞུགས་ཏེ། བདེ་བ་ཆེན་པོའི་དམ་ཚིག་རྡོ་རྗེ་གསང་བ་ཞེས་བྱ་བའི་གཟུངས་ཀྱི་དཀྱིལ་འཁོར་འདི་གསུང
187b4 སོ།། ཅི་ལྟར་ཆོས་ཀྱིས་བྲིས་ནས་ནི།། རྒྱལ་བ་གཡོན་དུ་བསྙེམས་འཛིན་པ།། དམ་ཚིག་མཆོག་གི་མཆོག་དཀོན་ནས།། ས་མ་ཡ་སྟམ་ཞེས་བརྗོད་དོ།། དེ་བཞིན་གཤེགས་པ་སྲས་དང་བཅས།། རྡོ་རྗེ་མཚོན་ཆ
187b5 ལ་སོགས་གཟུང་།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། མེ་ཏོག་ལ་སོགས་སྤྱིར་ཐལ་སྦྱར།། དེ་ལ་འཇུག་ལ་སོགས་པའི།། ཆོ་ག་རྒྱས་པའི་ཁྱད་པར་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་པ
187b6 ཕྱག་བྱབའི་ཕྱག་རྒྱ་དང་རྡོ་རྗེའི་གླུ་འདིས་འཇུག་པར་བྱའོ།། རྡོ་རྗེ་སེམས་དཔའ་བསྡུས་པ་ཡིས།། རྡོ་རྗེ་རིན་ཆེན་བླ་ན་མེད།། རྡོ་རྗེ་ཆོས་ནི་གླུར་བླངས་པས།། རྡོ་རྗེ་ལས་ནི་བྱེད་པར་འགྱུར།། དེ་ནས་རབ་ཏུ་བཞུགས་ནས།
187b7 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཟུངས་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུས་དགུག་པར་བྱའོ།། ཨོཾ་བཛྲ་དྷ་ར་སུ་ར་མ་ཧཱ་སུ་ཁེ་སརྦ་ཧཱ་རརྨ་པ་མ་ཏ་ཡ། སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་མཾ
187b8 མུཏྲ་བཱ་དེ་ཛཿཧཱུཾ་བཾ་ཧོཿ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཛིན་པ་དང་བཅས་པ་ཡང་དག་པར་བྱོན་པར་འགྱུར་རོ།། ཡིད་བདེ་བ་ལ་སོགས་པའི་མཚན་མ་འབྱུང་ངོ་།། ཆོ་འཕྲུལ་དུ་མ་དག་མཐོང་བ
iiif viewer powered by OpenSeadragon
187a - 188a