e-texts navigator
Collection
Volume
Page
Wylie

185b1 ལས་རྒྱལ་པོ་ཐོབ་པ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་མཚན་གྱི་དཔུང་རྒྱན་གྱིས་སོ།། གདུག་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྡོ་རྗེ་ལེགས་པས་སོ།། བགེགས་ཐམས་ཅད་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཐབས་བྱོར
185b2 གྱིས་སོ།། དགྲ་བོ་ཐམས་ཅད་རྣམ་པར་བཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྣམ་པར་འཐོར་བས་སོ།། བདུད་ཀྱི་སྟོབས་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་གསང་བའི་རབ་དུ་འདུལ་བས་སོ།། སྤྲིན་བསྐྱེད་པ་ལ་ནི་རྡོ་རྗེ་གསང་བའི་སྤྲིན
185b3 ཆེན་པོས་སོ།། ཆར་དབབ་པ་ལ་ནི་རྡོ་རྗེ་གསང་བའི་བསྡིག་འཛུབ་ཀྱིས་སོ།། ཐོག་དབབ་པ་དང་ཀློག་དང་རླུང་དང་ཆར་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་སྤྲིན་བསྲུང་གིས་སོ།། སྤྲིན་དང་མུན་པ་དང་ཁུག་རྣ་ཞི་བར་བྱ་བ་ལ་ནི་རྡོ་རྗེ།
185b4 གསང་བའི་བདེ་བ་ཆེན་པོའི་སྤྱན་གྱིས་སོ།། ཀླུ་ཐམས་ཅད་དགུག་པ་ལ་ནི་རྡོ་རྗེ་གསང་བའི་ཕྱག་རྒྱས་སོ།། ཀླུ་ཐམས་ཅད་དབང་དུ་བྱ་བ་ལ་ནི་གསང་བ་ཐམས་ཅད་ཀྱི་ནོར་བུའི་ཕྱག་རྒྱས་སོ།། ཀླུ་ཐམས་ཅད་རྗེས་སུ་འབྲང
185b5 བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཀླུ་འདུལ་བས་སོ།། ཀླུ་ཐམས་ཅད་འབྱིན་པ་ལ་ནི་གསང་པའི་ཀླུ་འདོན་པས་སོ།། ས་མ་ལུས་པ་གཡོ་ཞིང་འགུལ་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཐར་པས་སོ།། ཆུ་མེད་པར་ཆུའི་ཕུང་པོ་ཆར་ཆེད
185b6 བསིལ་ཞིང་དྲི་མ་མེད་པར་བསྐྱེད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཀླུའི་ཕྱག་རྒྱས་སོ།། མུན་པར་ཉི་མའི་སྣང་བ་བསྐྱེད་པ་ལ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱས་སོ།། རླུང་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་རླུང་ཐམས་ཅད་ཀྱིས་སོ།། ནམ
185b7 མཁའ་ལ་གཟུགས་ཐམས་ཅད་ཀུན་ཏུ་སྟོན་པ་ལ་ནི་རྡོ་རྗེ་གསང་བ་འཛིན་པས་སོ།། ནམ་མཁའ་ལས་དངོས་པོ་ཐམས་ཅད་འབྱུང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་འབྱུང་བས་སོ།། ནམ་མཁའ་ལ་རང་གི་བདག་ཉིད་ཀྱིས།
185b8 དངོས་པོ་ཀུན་དུ་བསྟན་པར་བྱ་བ་ལ་ནི། རྡོ་རྗེ་གསང་བ་རྫུ་འཕྲུལ་གྱིས་སོ།། ནམ་མཁའ་ལ་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས




iiif viewer powered by OpenSeadragon

185a - 186a

Texts on this page

Q120 - dpal mchog dang po'i sngags kyi rtog pa'i dum bu zhes bya ba