e-texts navigator
Collection
Volume
Page
Wylie

180b1 ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་འཛིན་པའོ།། ཕྱི་རོལ་ཏུ་རྡོ་རྗེ་སྒོ་སྲུངས་ཀྱི་ཚོགས་དང་། ཕོ་ཉ་དང་བྲན་རྣམས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་བཅིངས་ཏེ། དེ་བཞིན
180b2 གཤེགས་པ་ཐམས་ཅད་བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་བཏབ་སྟེ། སེམས་ཅན་ཀུན་ལ་བདེ་དོན་དུ། རྒྱལ་པོ་ཆེན་པོ་འབྱུང་།
180b3 བ་སྟེ།། ཆགས་བྲལ་དེ་རྣམས་ཆགས་ལྡན་ཡང་།། རང་གི་བཙུན་མོའང་གསོལ་མཛད་པས།། དེའི་ཕྱིར་བདག་གིས་ཁྱོད་ལ་གསོལ།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བའི་རྟོག་པའི་དངོས་གྲུབ་སྟེ།། འདུལ་བ་མཆོག་ནི་བཤད་དུ་གསོལ
180b4 དེ་ནས་བཅོམ་ལྡན་འདས་དོན་ཡོད་ཅིང་ཐོགས་པ་མེད་པའི་བཀའ་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་འབུལ་བ་རྡོ་རྗེ་འདོད་པའི་མཆོག་ཅེས་བྱ་བའི་རྣམ་པར་གནོན་པར་མཛད་ནས།། རྡོ་རྗེ་གསང་བ་ཆེན་པོའི་དམ་ཚིག་ཅེས་བྱ་བའི་དཀྱིལ
180b5 འཁོར་ཆེན་པོ་འདི་གསུངས་སོ།། དེ་ནས་ཡང་དག་བཤད་བྱ་བ།། དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། བདེ་བ་ཆེན་པོ་རྡོ་རྗེ་མཆོག། དམ་ཚིག་དམ་པའི་མིང་ཅན་ཡིན།། དཀྱིལ་འཁོར་གནས་ནི་འདུས་བྱས་ནས།། དེ་དབུས་ཚིག་བཞིན
180b6 དྲ་ནི།། ཕྱག་རྒྱ་ཆེན་པོ་མཉམ་བཞག་ནས།། དེར་ནི་དཀྱིལ་འཁོར་བསྒྲུབ་པར་བྱ།། གསར་ཞིང་ལེགས་པར་བསྒྲིལ་བ་དང་།། མདུད་པ་དག་ནི་མེད་པ་ཡི།། ཐིག་སྐུད་དམར་པོས་ཐིག་བཏབ་ནས།། མཚོན་གྱི་ཕྱེ་མས་བྲི་བར་བྱ།། ཟུར
180b7 བཞི་པ་ལ་སྒོ་བཞི་པ།། སྒོ་ཁྱུད་བཞིས་ནི་མཛེས་པ་དང་།། ཁ་ཁྱེར་གྱིས་ནི་ཡོངས་སུ་བསྐོར།། འཚམས་སུ་ལྷའི་བུ་མོས་འཛེས།། དཀྱིལ་འཁོར་གྱི་ནི་འཚམས་རྣམས་དང་།། སྒོ་དང་སྒོ་ཁྱུད་འཚམས་རྣམས་སུ།། ཟླ་བ་ཕྱེད་ལ
180b8 གནས་པའི།། རྡོ་རྗེ་རིན་ཆེན་འོད་ཟེར་འབར།། རླུང་གིས་བསྐྱོད་པའི་དྲིལ་བུ་མཆོག། བ་དན་སྣ་ཚོགས་མཛེས་པ་ཡིན།། མེ་ལོང་དྲ་བ་མེ་ཏོག་ཕྲེང་།། ལྡན་པས་ཕྱི་རོལ་དཀྱིལ་འཁོར་བྲི།། དེའི་ནང་དུ་འཁོར་ལོ་ནི།། དཀྱིལ་འཁོར།




iiif viewer powered by OpenSeadragon

180a - 181a

Texts on this page

Q120 - dpal mchog dang po'i sngags kyi rtog pa'i dum bu zhes bya ba