| | e-texts navigator
|
180a1 ལྡན་འདས་རྡོ་རྗེ་འཆང་ཆེན་པོ་མ་ལུས་པ་མེད་པའི་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ་ལ་སོགས་པ། དངོས་གྲུབ་ཐམས་ཅད་ཐོབ་པར་བྱ་བའི་ཕྱིར། སེམས་དཔའི་དཀྱིལ་མོ་དཀྲུང་བཅས་སྟེ་སྐུ་དྲང་པོར་སྲང་སྟེ། གཡོན་པ་སྙེས
180a2 པའི་ཚུལ་དུ་མཛད་ནས་གཡས་པ་རྡོ་རྗེ་གསོར་རབས་རང་གི་ཐུགས་ཀར་དང་པོའི་རྡོ་རྗེ་མཆོག་གི་སྦྱོར་བ་འཛིན་ཅིང་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་ཐམས་ཅད་ཀྱི་ཕྱག་རྒྱ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ལས་འབྱུང་ངོ་།། ཨོཾ་མ་ཧཱ་སྭ་ལ
180a3 བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ།། དེ་ནས་ཕྱུང་བ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བྱོན་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་བཟུང་བ་རྣམས་སླར་ཡང་བྱང་ཆུབ་ཆེན་པོ་མངོན་པར་རྫོགས་ནས
180a4 དེ་རྣམས་ཀྱིས་བཞད་པ་ཆེན་པོ་མངོན་པར་མཛད་དོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་པ་དང་བཅས་པས་ཡོངས་སུ་དག་པར་འགྱུར་རོ།། ཁམས་གསུམ་རྒྱས་པར་སྤྲོས་པ་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་དཀྱིལ
180a5 འཁོར་ཆེན་པོར་གྱུར་ཏོ།། གང་གིས་སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་ཐོབ་པར་འགྱུར་རོ།། དེ་ནས་རྡོ་རྗེ་འཆང་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་ཅིང་ཐོགས་པ་མེད་པ་ལས་མངོན་པར་བྱུང་བ
180a6 རྡོ་རྗེ་ཆེན་པོ་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་གནོན་པར་མཛད་ནས། དེའི་སྐུ་ཐམས་ཅད་ལས་དངོས་གྲུབ་ཐམས་ཅད་དང་། བདེ་བ་དང་ཡིད་བདེ་བ་སྟེར
180a7 བརྟག་ཏུ་རྗེས་སུ་འབྲལ་བ་ཅན་ལྷན་ཅིག་ཏུ་སྤྱོད་པ། བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་གི་སེམས་དཔའ་རྣམས་བྱུང་ནས་ཕྱོགས་ཐམས་ཅད་ཏུ་ཕྱུང་སྟེ། མདུན་དུ་རྡོ་རྗེ་གསང་བ་ཡིད་ལས་བྱུང་བ། གཡས་སུ་རྡོ་རྗེ་ཀཱི་ལི་ཀཱི
180a8 ལི། རྒྱབ་ཏུ་འདོད་པའི་རྡོ་རྗེ། གཡོན་དུ་རྡོ་རྗེ་བསྒྱིངས་པའོ།། འཚམས་རྣམས་སུ་མཆོད་པའི་ལྷ་མོ་རྣམས་སོ།། ཕྱི་རོལ་གྱི་ཁ་ཁྱེར་འཚམས་སུ་ལྷའི་བུ་མོ་རྣམས་སོ།། སྒོ་སྲུང་བ་རྣམས་ནི་རྡོ་རྗེ་ལྕགས་ཀྱུ་དང་།
iiif viewer powered by OpenSeadragon
179b - 180b