| | e-texts navigator
|
179a1 ནམ་པ་ཏན་ད། ཤིན།། ནང་བར་ལངས་ནས་དཔལ་མཆོག་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཉིན་རེ་ཞིང་འདོན་པ་དང་། ཉན་པ་དང་འཛིན་པ་དང་ཀློག་པ་དང་སྒོམ་པ་དེ་ཡིས
179a2 བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱང་ཐོབ་པར་འགྱུར་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་དངོས་གྲུབ་ཀྱི་མཆོག་ཀྱང་ཚེ་འདི་ལ་ཐོབ་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་ཀྱང
179a3 འགྲུབ་སྟེ། རྡོ་རྗེ་འཛིན་པ་ཆེན་པོ་ཐམས་ཅད་དམ་དེ་བཞིན་གཤེགས་པར་འགྱུར་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་དཔལ་མཆོག་དང་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་རྡོ་རྗེ་གས
179a4 བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྫོགས་སྷོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་པའི་རྡོ་རྗེ་གསང་བ་མཆོག་གི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱལ
179a5 པོ་ཆེན་པོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསང་བའི་དོན་ཡོད་ཅིང་བརྟན་པའི་ཆོ་ག་ཕྱག་རྒྱས་བཏབ་པའི་སྐུ་གསུང་ཐུགས་ཐམས་ཅད་ཀྱི་རྡོ་རྗེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ
179a6 ཚིག་ཆེན་པོ་ཐམས་ཅད་ལ་རབ་ཏུ་ཞུགས་ནས་ཆོས་ཉིད་རྟོགས་པའི་ཡེ་ཤེས་ལ་རབ་ཏུ་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་ཕྲིན་ལས་ཀྱིས་དུས་གསུམ་དུ་འཇིག་རྟེན་གྱི་ཁམས་མ་ལུས་པར
179a7 སྤྲོས་པ་ལས་ཀྱི་མཐའ་ཅན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ།། ཟླ་བ་ཕྱེད་མེད་པ་ཤིན་ཏུ་མང་དུ་གནས་པའི་རྡོ་རྗེ་རིན་པོ་ཆེ་རྣམས་ཀྱི་འོད་ཟེར་སྣ་ཚོགས་པ་རྣམ་པར་འབར་བའི་འོད་ཀྱིས་གསོལ་བ། གསེར
179a8 གྱི་དྲིལ་བུ་གཏགས་པ་དང་། སྣ་ཚོགས་པའི་བ་དན་རླུང་གིས་བསྐྱོད་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པ། མེ་ཏོག་གི་ཕྲེང་བ་སྣ་ཚོགས་པ་དང་། ན་བཟའ་དང་མེ་ལོང་དང་མུ་ཏིག་གི་ཕྲེང་བ་རབ་ཏུ་འཆང་བས་མཛེས་ཤིང
iiif viewer powered by OpenSeadragon
178b - 179b